ཁྱེད་ཀྱི་སྒལ་བར་གཤོག་པ་ཐོགས་དུས།

 

 

རྨི་ལམ་སད་རྗེས
གློ་བུར་ཁྱེད་ཀྱི་སྒལ་བར་གཤོག་པ་ཐོགས་པ་རྨིས
ང་རང་ཁྱེད་ཀྱི་གཤོག་ཁུད་ནས་ཐག་རིང་བའི་མཚོ་མཐའ་ཞིག་ཏུ་ལྷུང
དེ་ནས        ཡང་བསྐྱར་ཁྱེད་ཀྱི་རྨི་ལམ་དུ་བྱུང་བའི་ལྷ་སྒྲུང་ཞིག་ཏུ་གྱུར

ཡུད་ཙམ་དུ
མཚོ་ལས་སྐྱེས་པའི་བྱི་རུའི་སྡོང་སྟེང་དུ
ཁྱེད་ཀྱི་སྐྱེ་བ་སྔ་མ་ལྟ་བུའི་བྱིའུ་ཆུང་ཞིག་བབས་སོང
བདག་གིས་མེ་ཡི་རྒྱ་མཚོར་འཇིངས་བའི་གཏམ་རྒྱུད་ཇི་སྙེད་ཅིག་ཐོས

འཆི་བའི་ཡར་སྔོན་དུ་བྱིའུ་ལ་གཤོག་པ་མི་ཐོགས་པའི་གནས་ལུགས་ཤིག་རྟོགས
སྐྱེ་བ་དུ་མ་ཞིག་ཏུ་ཁྱེད་ལའང་གཤོག་པ་མ་ཐོགས་པའི་དཀའ་སྡུག་ཞིག་ཐོས
ཁྱེད་ཀྱི་གཤོག་ཁུད་དུ་རྨི་ལམ་རྨིས་མཁན་ནི་ང་རང་ཁོ་ན་ཡིན་པ་རྟོག

མི་ལ་རྨི་ལམ་ཡོད་པའི་གནས་ལུགས་དེས
ང་རང་གཏན་དུ་འཆི་མ་ཐུབ་པའི་མཛེས་སྡུག་དེ་རྟོག

རྨི་ལམ་རྨིས་རྗེས
མེ་ཡི་རྒྱ་མཚོ་ལས་འཕྱུར་བའི་སྡིག་སྒྲུབ་མཐའ་དག
མི་ལ་གཤོག་པ་མ་ཐོགས་པའི་གོང་དུ་དག་མི་སྲིད་པའི་གནས་ལུགས་ཤིག་རྟོགས
                                               ༢༠༡༣ ༦ ༩

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ཀྱི་སྒལ་བར་གཤོག་པ་ཐོགས་དུས།

2013-11-20 ཨ་མའི་མར་ལོ། ཀློག་གྲངས། མཆན ཡོད།

 

 

རྨི་ལམ་སད་རྗེས
གློ་བུར་ཁྱེད་ཀྱི་སྒལ་བར་གཤོག་པ་ཐོགས་པ་རྨིས
ང་རང་ཁྱེད་ཀྱི་གཤོག་ཁུད་ནས་ཐག་རིང་བའི་མཚོ་མཐའ་ཞིག་ཏུ་ལྷུང
དེ་ནས        ཡང་བསྐྱར་ཁྱེད་ཀྱི་རྨི་ལམ་དུ་བྱུང་བའི་ལྷ་སྒྲུང་ཞིག་ཏུ་གྱུར

ཡུད་ཙམ་དུ
མཚོ་ལས་སྐྱེས་པའི་བྱི་རུའི་སྡོང་སྟེང་དུ
ཁྱེད་ཀྱི་སྐྱེ་བ་སྔ་མ་ལྟ་བུའི་བྱིའུ་ཆུང་ཞིག་བབས་སོང
བདག་གིས་མེ་ཡི་རྒྱ་མཚོར་འཇིངས་བའི་གཏམ་རྒྱུད་ཇི་སྙེད་ཅིག་ཐོས

འཆི་བའི་ཡར་སྔོན་དུ་བྱིའུ་ལ་གཤོག་པ་མི་ཐོགས་པའི་གནས་ལུགས་ཤིག་རྟོགས
སྐྱེ་བ་དུ་མ་ཞིག་ཏུ་ཁྱེད་ལའང་གཤོག་པ་མ་ཐོགས་པའི་དཀའ་སྡུག་ཞིག་ཐོས
ཁྱེད་ཀྱི་གཤོག་ཁུད་དུ་རྨི་ལམ་རྨིས་མཁན་ནི་ང་རང་ཁོ་ན་ཡིན་པ་རྟོག

མི་ལ་རྨི་ལམ་ཡོད་པའི་གནས་ལུགས་དེས
ང་རང་གཏན་དུ་འཆི་མ་ཐུབ་པའི་མཛེས་སྡུག་དེ་རྟོག

རྨི་ལམ་རྨིས་རྗེས
མེ་ཡི་རྒྱ་མཚོ་ལས་འཕྱུར་བའི་སྡིག་སྒྲུབ་མཐའ་དག
མི་ལ་གཤོག་པ་མ་ཐོགས་པའི་གོང་དུ་དག་མི་སྲིད་པའི་གནས་ལུགས་ཤིག་རྟོགས
                                               ༢༠༡༣ ༦ ༩

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།