གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛའ་ན་མོ།

2013-11-20 14:38:00 གཡང་འབུམ་ཚེ་རིང་། ཀློག་གྲངས། མཆན ཡོད།

 

 

བརྩེ་དུང་ཤི་རོ་ཞིག    འདང་བརྩེ་གཡར་མ་ཞིག  རོགས་ལོ་རྫུན་མ་ཞིག
དེ་རིང་།
སྨྲ་བསམ་བརྗོད་འདོད་ཀྱི་སྙིང་གཏམ་དོན་མེད་ཅིག
རེ་སྒུག་ཁྲི་ཁྲག་གི་སྨོན་འདུན་སྟོང་བ་ཞིག
ཚུར་བསུ་ཚུལ་ཇི་འདྲིའི་ལེགས་ཤིང་།
ཕར་བསྐྱལ་ཚུལ་ཇི་འདྲིའི་སྐྱོ་འང་།
མཛའ་ན་མོ།
ཁྱེད་ཀྱི་བརྩེ་བ་ཤི་རོ་དེས། 
ངའི་ལྷིང་འཇགས་ཀྱི་ཁོར་ཡུག་དེའང་དཀྲོགས་སོང་།
ཡིན་རུང་།
ངས་ད་དུང་ཕྱིར་མིག་སྟོང་ཕྲག་གི་ཀློང་ན།
ཕོ་མོ་ཚུར་ཡོང་གི་ཁྲོད་ནས།
ཁེར་རྐྱང་གི་ངང་།
འཛའ་ན་མོ།     འཆར་ཀའི་དམར་པ་དང་ལྷན།
གླེང་མི་ཐུབ་པའི་ཁྱོད་ཀྱི་རྫུན་གཏམ་དེ་དང་།
བལྟ་མ་ཐུབ་པའི་ཁྱོད་ཀྱི་རྒྱབ་ལྗོངས་དེ།
སེམས་དབུས་སུ་ཡང་བསྐྱར་ཉར།
མཛའ་ན་མོ། 
དུས་དེ་རིང་།
མེ་ཏོག་རྙིད་པ་ཞིག    རྩི་ཤིང་སྐམ་པོ་ཞིག   བྱེའུ་གཤོག་ཆག་ཅིག
ཀྱེ
རྒྱུས་ལོན་དཀའ་བའི་མཛའ་ན་མོ།
ཁྱོད་སླར་ཡང་སྔོན་ཆད་ཀྱི་སྐྱེད་ཚལ་ལ་ཤོག་དང་།
ངས་མེ་ཏོག་གི་ཚོམ་པ་བསྣམས་ནས་སྒུག་ཡོད།
འཇའ་མཚོན་གྱི་གུར་དེ་ཕུབ་ནས་བསྡད་ཡོད།
འདང་བརྩེ་ཡི་དར་དེ་དཔྱར་ནས་སྒུག་ཡོད།
དུས་དེར།
གླིང་ཀ་སྐྱིད་པོ་ཞིག    ཉི་གཞོན་གསར་བ་ཞིག    གཞས་ཚིག་སྙན་མོ་ཞིག་གིས།
ཁྱོད་ལ་བསུ་བ་བྱེད་ངེས།
ཡང་ན།
རྩྭ་ཐང་མཛེས་པོ་དེས།    ཆུ་ཕྲན་དྭངས་མོ་དེས།   སྐྱ་མདའ་ཐོག་མ་དེས།
ཁྱོད་ཀྱི་མདུན་ལ་གཏོང་བའི་ནོར་འདོན་ངེས།
མཛའ་ན་མོ།
དུས་འདིར། 
འུ་གཉིས་སླར་ཡང་འདྲིས་པའི་ངུར་བ་ཆ་གཅིག
                             གྲོགས་མོ་ཞིག་ལ་༢༠༡༣ལོའི་ཟླ༧པའི་ཚེས༧ཉིན་མལ་ཤག་ནས་ཤར་མར་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།