གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཕ་དྲན། མེ་མདའ་རྭ་རིང་དྲན།

2013-10-28 14:59:00 གཅན་ཨ་རྡོར། ཀློག་གྲངས། མཆན ཡོད།


ཆུང་ངུའི་དུས་སུ་སློབ་ཁང་གི་མདུན་ཅོག་སྟེང་དུ་ཨ་ཕའི་རྐང་རྗེས་ཟེར་བའི་རི་མོ་ཞིག་བྲིས།
ནར་སོན་རྗེས།  རྐང་རྗེས་དེ་དེད་ནས་ཨ་ཕའི་རྣམ་ཤེས་འགག་སར་སོང་།
འཕུར་མ་ཐུབ་པའི་རྣམ་ཤེས་དག་ལ་ལྕགས་ནག་གི་གཟེར་མ་རྒྱབ་འདུག

ཨ་ཕ་ནི་ནངས་སྔ་མོ་དང་དགོང་ཁར་རྟ་ཕོའི་བངས་ལ་འདྲོགས་ནས་མེ་མདའ་རྭ་རིང་འཁུར་མཁན་ཞིག་རེད།
མེ་མདའ་རྭ་རིང་དེ་ཨ་ཕ་དང་མཉམ་དུ་བསུབས་མེད་ཀྱི་རྐང་རྗེས་ཤིག་བཞག་རྗེས་རྒས་སོང་།
ཁ་སང་དེ་རིང་།  མེ་མདའ་རྭ་རིང་དང་ཨ་ཕའི་ལོ་རྒྱུས་གླེང་འོངས་དུས་མི་མང་པོ་ཞིག་ལ་མིག་ཆུ་ལྷུང་འགྲོ

ངས་ནམ་རྒྱུན་སློབ་ཁང་གི་རྩིགས་ངོས་དང་ལག་པའི་དཔུང་ངོས་སུ་ཨ་ཕ་ཞེས་པའི་མིང་བྱང་རྙིང་བ་ཞིག་བྲིས།
མིང་བྱང་རྙིང་བ་དེའི་ངའི་སེམས་ཁམས་སྙོམས་སྒྲིག་ཐུབ་ཀྱིན་མེད།
རྒྱུ་མཚན་ནི་ཆུང་དུས་ནས་ངའི་སེམས་ཁམས་ལ་རྒས་ཚུགས་ཤོར་ཡོད།

ཨ་ཕ་ནི་མེ་མདའ་འཁུར་མཁན་གྱི་རྔོན་པ་ཞེ་གནག་ཅིག་མིན་ལ།
ཨ་ཕ་ནི་རྔོན་པའི་སྡིག་བོའུ་ལ་གཟས་ནས་རི་དྭགས་སྲུང་སྐྱོབ་ཐུབ་མཁན་ཞིག་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།