ཁྱོད་རང་གང་ལ་འགྲོ།

                         ༠
དྭངས་གཙང་གི་ཆུ་མོ་ཞིག་ལྷོ་རུ་བཞུར་སོང
ཡིད་འོང་གི་རྨི་ལམ་ཞིག་ཁེར་བུར་ལུས་སོང
ཆེས་མཐའ་མཇུག་གི་རེ་སྨོན་དག་ཀྱང
སྟོན་མཇུག་གི་ལོ་མའི་ཟོལ་གྱིས་དལ་བུར་ཟེགས
དགུན་གཞུང་གི་ཁ་བ་རི་སྒང་ལ་མ་ལྷུང་བའི་ཡར་སྔོན་དུ
ཁྱོད་ནི་བདག་གི་དྲན་པའི་མེ་ལོང་དུ་ཤར་བའི་གཟུགས་རིས་ཡིད་འཕྲོག་ཅིག་སྟེ
ངའི་མི་ཚེ་གཅིག་གི་དགའ་སྐྱོ་ཁད་ཀྱིས་བསྟིམས་ཡོད
                            ༡
ཡིད་དུ་འོང་བའི་ཁྱོད་ལ་འཕྲད་པ་ནས
མཛེས་སྡུག་གི་རྨི་ལམ་དག་ཀྱང་མོག་པོར་སྣང་ཡོང
དྲན་གདུང་གི་སྙན་ངག་དག་ཀྱང་ཆུ་རུ་སྤྲུལ་ཡོང
ད་དུང་ཁྱོད་ནས་ང་ལ་གནང་བའི་བསུབ་མེད་ཀྱི་སྣང་བརྙན་དག་ཀྱང
ཡུན་གྱིད་ཡུན་གྱིས་སེམས་པའི་གཏིང་སར་འཛུལ་་ཡོང
                           ༢
གང་ཞིག་ལ་སྒུག་སོང་བའི་ཉིན་ཞག་དེ་དག་ལ
བདག་པོ་བོར་སོང་བའི་བརྩེ་བ་རྨས་མ་ཞིག་གི་ཆེད་དུ
ངས་ཁྱོད་ལ་ཕུལ་བ་དངོས་གནས་ཉུང་དྲགས་ཡོད
ཏག་ཏག་ཁོ་མོས་ང་ལ་གནང་བ་ཇི་བཞིན
                            ༣
མུན་པ་སྟུག་པོས་ལྭ་བ་གྱོན་ཡོང་དུས
ཆུ་མོའི་མེ་ལོང་དུ་ཤར་བའི་ཚེས་རིས་ཟད་པོས
ཡང་དང་བསྐྱར་དུ་ངའི་བརྩེ་དུང་གི་སྐད་ཆ་གློད་སའི
ཁྱོད་རང་དྲན་དུ་འཇུག
                            ༤
རླུང་གི་རོལ་དབྱངས་དང་གློག་གི་འོད་རླབས་འོག་ནས
དྲན་སྲིད་པ་མང་པོ་ཞིག་བསྐྱར་དུ་ཀློག་འདོད
ཁྱོད་རང་གཉིད་དུ་མ་ཡུར་བའི་ཡར་སྔོན་ལ
ངས་ཁྱོད་ལ་བརྗེད་མི་སྲིད་པ་མང་པོ་ཞིག་གནང་འདོད
                                ༥
ཆེས་སྤྱིར་བཏང་སྤྱིར་བཏང་གི
ཆེས་ཡིད་འོང་ཡིད་འོང་གི
ཆེས་དྲན་སླ་ལ
ཆེས་བརྗེད་དཀའ་བའི
རྨི་ལམ་གཏོས་ཆེ་བ་དེ་དྲུད་ནས
ཁྱོད་རང་གང་ལ་འགྲོ
                                   ༦
ངའི་དྲན་པའི་ནང་རོལ་ཞིག་ན་རྒྱུ་བའི་ཡིད་འོང་གི་ཁྱོད
མཚན་མོ་དག་ལ་སླར་ཡང་དྲན་ཡོང་བའི་བདག་དང་སྙན་ངག་གི་དབྱངས་ཅན་མ
ངས་ནི་ཁྱོད་ཁོ་ནའི་ཆེད་དུ་ཅི་ཞིག་བགྱི་ཆོག་ཨང
                                    ༧
མཚན་མོ་དག་གི་ཁེར་རྐྱང་དང་སུན་སྣང་གི་དབང་གིས
སྙི་དྲགས་པའི་སེམས་པ་འདི་སྐྱིད་པོ་མི་འདུག་དུས
ཁྱོད་ནས་ང་ལ་སྙིང་གཏམ་དང་དགོད་སྒྲ་གནང་དགོས
གཏན་དུ་བརྗེད་མི་སྲིད་པའི་ཞེ་འདང་ལ་ཁ་དོག་བསྒོ་དགོས
སྐབས་དེར་ཁྱོད་ནི་ངའི་ཡུན་རིང་རྨི་ལམ་དང་སྐད་ཆ་ཡིན་པའང་གསལ་བོར་ཤེས་ངེས
                                                               5.9.2013ཉིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་རང་གང་ལ་འགྲོ།

2013-10-25 བདེན་སྙེགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།