གཞིས་ཀ་རྩེ།

 

 

ཚེ་སྔོན་མ་ཨ་མ་ཆང་མ་ཞིག
ཚེ་ཕྱི་མ་གར་མཁན་རྩེ་གྲ་ཞིག
གླང་རྒན་གྱིས་རྨོ་བཞིན་པའི་ས་ནག་ཁོག་ན།
ཡུལ་གཞིས་རྩེ།    གཙང་གཞིས་རྩེ།
ཨ་མས་གསུངས་ན་བར་སྐོར་ལ་འཁྱམས་པའི་སློང་མོ་བ་ཕྱུག་ཤོས་དེ་རེད་ཟེར།
ལོ་རྒྱུས་ཀྱིས་བཞེངས་པའི་གྱང་ཆེན་དམར་སྨུག་དེའི་ངོས་ན།
ལྷ་ལས་མཆེད་པའི་སྲས་སྲོས་གང་མང་འཁྲུངས་པའི་སྐྱེས་མར་སྣང་།
གལ་ཏེ་གནའ་ནས་བསླས་པའི་སྲིང་ཐག་རིང་མོ་ཞིག་བྱུང་ན།
གཞིས་རྩེའི་ལག་ལ་སྤྲད་དེ་ལྷ་ཡུལ་ལ་འཐེན་ཆོག་ལ།
གཞིས་རྩེའི་སྐེ་བཀྱིགས་ཏེ་དམྱལ་བར་ཡང་འཛངས་ཆོག
འཇིག་རྟེན་ན་འཚོ་གནས་དང་ཆག་འཇིག་གི་འདྲི་གཞི་མང་བས།
ངས་གཞི་རྩེའི་མགྲིན་པ་བསླུས་ཏེ་གླུ་བླངས་ཆོག
གཞི་རྩེས་ངའི་ལུས་པོ་ཉོས་ཏེ་བྲོ་འཁྲབ་ཆོག
རྒྱུ་མཚན་དེའི་དབང་གིས།    ཁྱོད་ཀྱིས་མིང་ལ་གཞིས་ཀ་རྩེ།
             ༢༠༡༣ ༩ ༤  ཉིན་བྱང་ཤར་དགེ་འོས་སློབ་ཆེན་དུ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞིས་ཀ་རྩེ།

2013-10-23 ར་བཟི་དབང་གྲགས། ཀློག་གྲངས། མཆན ཡོད།

 

 

ཚེ་སྔོན་མ་ཨ་མ་ཆང་མ་ཞིག
ཚེ་ཕྱི་མ་གར་མཁན་རྩེ་གྲ་ཞིག
གླང་རྒན་གྱིས་རྨོ་བཞིན་པའི་ས་ནག་ཁོག་ན།
ཡུལ་གཞིས་རྩེ།    གཙང་གཞིས་རྩེ།
ཨ་མས་གསུངས་ན་བར་སྐོར་ལ་འཁྱམས་པའི་སློང་མོ་བ་ཕྱུག་ཤོས་དེ་རེད་ཟེར།
ལོ་རྒྱུས་ཀྱིས་བཞེངས་པའི་གྱང་ཆེན་དམར་སྨུག་དེའི་ངོས་ན།
ལྷ་ལས་མཆེད་པའི་སྲས་སྲོས་གང་མང་འཁྲུངས་པའི་སྐྱེས་མར་སྣང་།
གལ་ཏེ་གནའ་ནས་བསླས་པའི་སྲིང་ཐག་རིང་མོ་ཞིག་བྱུང་ན།
གཞིས་རྩེའི་ལག་ལ་སྤྲད་དེ་ལྷ་ཡུལ་ལ་འཐེན་ཆོག་ལ།
གཞིས་རྩེའི་སྐེ་བཀྱིགས་ཏེ་དམྱལ་བར་ཡང་འཛངས་ཆོག
འཇིག་རྟེན་ན་འཚོ་གནས་དང་ཆག་འཇིག་གི་འདྲི་གཞི་མང་བས།
ངས་གཞི་རྩེའི་མགྲིན་པ་བསླུས་ཏེ་གླུ་བླངས་ཆོག
གཞི་རྩེས་ངའི་ལུས་པོ་ཉོས་ཏེ་བྲོ་འཁྲབ་ཆོག
རྒྱུ་མཚན་དེའི་དབང་གིས།    ཁྱོད་ཀྱིས་མིང་ལ་གཞིས་ཀ་རྩེ།
             ༢༠༡༣ ༩ ༤  ཉིན་བྱང་ཤར་དགེ་འོས་སློབ་ཆེན་དུ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།