གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨཱ། གཡག་རྒོད། ཁྱེད་ལ་གུས་ཕྱག་འཚལ།

2013-09-23 19:24:00 ཅོ་བྱང་སྐར། ཀློག་གྲངས། མཆན ཡོད།

 

 

ཨཱ།  ཁྱེད་ཀྱིས་མཐོང་ངམ།  སྐྱ་མདའ་ཅུང་ཟད་ཅིག་མཐོང་བྱུང་།
ང་ཚོས་གང་ལ་དམིགས་ནས།  དགའ་བའི་འབོད་སྒྲ་སྒྲོག་གམ།
ང་ཚོའི་རྣམ་པར་བཀྲ་བའི་སྤུ་ཁ་དང་།
གཟི་ཞིང་བརྗིད་པའི་ལུས་ཕུང་།
འོད་མདངས་འཁྱུད་པའི་རྭ་ཅོ་ཟུང་།
མཚན་གང་ཐོག་ཆར་གྱི་ཁྲོད་གནས་རུང་།
སྔར་བཞིན་སེམས་པ་ལྷོག་ལྷོག་ཏུ་གདུ་བཞིན་འདུག
རང་ཉིད་ཀྱི་གནས་མལ་དུ་།
ཆར་རྡོག་གི་མེ་ལྕེ་མཁའ་ལ་འཕྱུར།
ཐོག་དམར་གྱི་སྐད་སྒྲས་གནམ་ས་གཡོ།
ང་ཚོ་ནི་སྔར་བཞིན་བརྟན་བརྗིད་སེ།
གཟིགས་དང་།
གཡག་རྒོད་རྭ་རྩེ་སྔར་བཞིན་རྩྭ་ཐང་ན་འདུག་ལ།
དེ་ནི་མི་རིགས་ཤིག་གི་རྟུལ་ཕོད་དང་ཕ་ཡུལ་གྱི་བདེན་དཔང་ལགས།
བདག་གིས་ཁྱེད་ལ་ཡིད་རྟོན་རྒྱབ་རྟེན་བཅོལ།
བདག་གི་སྐྱབས་མགོན་དཀོན་མཆོག
བདག་གིས་ཁྱེད་ཀྱི་བཀའ་ལྟར་བྱ་བ་སྒྲུབ།
བདག་གི་དད་སེམས་ནམ་ཡང་འགྱུར་མི་སྲིད།
ནམ་ཡང་ཁྱེད་ལ་དད་གུས་ཞུ།
ནམ་ཡང་ཁྱེད་ལ་སྲི་ཞུ་བྱེད།    
གཏུམ་དྲག་ཅན་གྱི་སྤྱང་ཀི་མཐར་སྐྲོད་བྱེད།
ཁོ་པས་ང་ཚོར་བསུལ་འཛུལ་གྱི་རྡོག་རོལ་བྱས།
ཁྱེད་ཀྱིས་རྭ་རྩེ་གཡུགས་ཐེངས་ཤིག་གིས།
ང་ཚོས་ཁྱེད་ཉིད་སུ་ཡིན་པ་རྟོགས།
ཁྱེད་ཀྱིས་དབང་ཆ་མི་དམངས་ལ་གནང་དང་།
ཁྱེད་ཀྱི་འོད་ཟེར་ཕྱོགས་བཞིར་འཕྲོ་བར་ངེས།
འཚེ་བས་རྐྱེན་ལམ་དུ་སོང་བའི་སྔོན་གཤེགས་ཀྱི་ཐོད་དཀར་དང་ནག་ནག་སོགས།
གངས་རི་ཡི་མི་དམངས་ཡོངས་རྫོགས་ཀྱིས།
ཁྱེད་ལ་གུས་ཕྱག་འཚལ།  
ཁྱེད་ལ་དགེ་བ་བསྔོ།
ནམ་ཡིན་ཡང་།
ཨཱ།   གཡག་རྒོད།  ཁྱེད་ལ་གུས་ཕྱག་འཚལ།
ཁྱེད་ལ་དགའ་འབོད་བྱེད།  ཁྱེད་ལ་གུས་ཕྱག་འཚལ།
མདུན་དུ་སྐྱོད་ཅིག  ཕ་ཡུལ་གྱི་བུ་ཕྲུག་དང་སྤུན་ཟླ་ཚོ།
གཟི་བརྗིད་ལྡན་པའི་ཉིན་མོར་སླེབས་ཟིན་འདུག
གཏུམ་དྲག་ཅན་གྱི་སྤྱང་ཀིས་ཁྲག་དྲོན་གྱི་དྲི་ཞིམ་བསམས་གྱིན།
ང་ཚོར་ཁ་གཏད་ནས་རྒྱུགས་ཡོང་གི་འདུག
 
ཁྱེད་ཀྱིས་ཐོས་སམ།
གདུག་རྩུབ་ཅན་གྱི་སྐྱང་ཀི་དང་།  འཕར་བ།   ཝ་སྐྱེས་་་་་
ངེད་ཚོའི་ས་ཆའི་ཐོག་ན་ཀི་སྒྲ་འདོན་བཞིན་འདུག
ཁོ་ཚོ་ང་ཚོའི་ཁྱིམ་དུ་འཛུལ་ཡོང་ནས།
ང་ཚོའི་བཟའ་མི་བུ་ཕྲུག་རྣམས་བསད་སོང་།
གྲ་སྒྲིག་བྱོས་ཤོག
ངའི་ཕུ་ནུ་མིང་སྲིང་ཚོ།
ས་ཞིང་ལེབ་མོ་དང་རི་ཆུ་ནགས་གསུམ།
མཐུན་སྒྲིལ་བསྒྲིམ་ཤིག
ངའི་གཉེན་ཉེ་རིགས་མཐུན་ཚོ།
སྦྲ་གུར་ལེབ་མོ་དང་རྟ་ནོར་ལུག་གསུམ།
ཨཱ།   གཡག་རྒོད།  ཁྱེད་ལ་གུས་ཕྱག་འཚལ།
ཁྱེད་ལ་དགའ་འབོད་བྱེད།  ཁྱེད་ལ་གུས་ཕྱག་འཚལ།
མདུན་དུ་སྐྱོད་ཅིག
༢༠༡༢ལོའི་ཟླ་༧པའི་ཚེས་༢༢ཉིན།  ཁྲི་འདུ་ལྷ་ཡི་གྲོང་ཁྱེར་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།