གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་བོས་བརྡུངས་པའི་མཚན་ལྗོངས།

2013-09-13 13:48:00 ཀ་ཁའི་རྒྱང་འབོད།༼ལྷོ་ཁ༽ ཀློག་གྲངས། མཆན ཡོད།

       ༼༡༽
སྟོང་སང་སང     སྐྱོ་ལྷང་ལྷང
དྲོད་ཀྱིས་སྟོངས་པའི་ཁང་ཆུང་གྲུ་བཞི
དཔེ་དེབ་དང་གློག་ཀླད    གློག་སྒྲོན་བཅས་ཀྱི་ཟླ་བོ
ཡུལ་པོས་གཙེས་པའི་སྨག་ལྗོངས་འདིར
སྒོ་གསུམ་འདུ་འཛོམས་ཀྱི་འཆར་ཡན་སྟོང་དབྱིངས་སུ་ཐིམ་དུས
རླུང་ནག་གི་ཀི་སེར་ཤུ་སྒྲར་བསྡོངས་པའི
ཁྱི་རྒན་གྱིས་ཟུག་ངུས་འཇའ་ཚོན་གྱི་རྨི་ལམ་དཀྲོགས
༼       ༢༽
ཉིན་དང་མཚན     མཚན་དང་ཉིན
འདུ་བྲལ་ཆོས་ཉིད་བུ་མོས
རེ་སྨོན་དང་རྨི་ལམ་གྱི་རོལ་མོ་འཁྲོལ་དུས
ལག་འཇུའི་ལྕགས་ཟྭ་མལ་ཐུལ་ལ་འཁྱུད་སོང
       ༢༠༡༣ལོའི་ཟླ་༧པའི་ཚེས་༡༠ཉིན།  དགོང་མོ་ཆུ་ཚོད་དང་པོར་སྦྱར།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།