གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་ཆད་དང་རེ་སྒུག༼ཞར་བཀོད་གསུམ་ཡོད༽

2013-09-11 11:29:00 འབྲོག་ཁ་མང་། ཀློག་གྲངས། མཆན ཡོད།

           རེ་ཆད་དང་རེ་སྒུག



ཉི་མ་མི་འདོད་ཀྱི་ནུབ་རིར་བརྒལ་རྗེས་དང
ཟླ་བ་གློ་བུར་གྱི་སྤྲིན་པས་བསྒྲིབས་བཤུལ
སུ་ཞིག་གི་སེམས་པ་རྡོ་བར་བརླན
སྐར་ཚོགས་གྲངས་མེད་ཞིག་རེ་ཐག་ཆད་ཞོར
སྤྱང་ཀི་ག་ཚོད་ཀྱིས་ལྐོག་ནས་འཇབས   
སང་ཉིན
ནངས་སྔ་མོའི་སྐྱ་རེངས་གིས་དུང་ཟླ་བསུ་དུས
སུ་ཞིག་གི་རྨི་ལམ་དཀྲོག་སྲིད


            སེམས་འགྱུ།
       ༡

ཞོད་འཇགས་དང་བྲལ་བའི་ཉིན་མོ་རེ་རེ

ཁ་ཡག་དང་ངོ་དགའི་བར་ནས་བཞུད
ཉི་འོད་དང་གྱེས་པའི་མཚན་མོ་རེ་རེ
འཇིགས་ཡེར་གྱི་མུན་ཁུང་ཀློང་ནས་འདས
       ༢
གླེགས་བམ་མཐུག་པོ་དང་ཀླད་ཁོག་མཉོམ་པའི་ངོས་སུ
མི་རྟག་རང་བཞིན་གྱི་མཆན་འགྲེལ་གསལ་ལེར་སྣང་ཡང
      
      ༣
ཁྱོད་གཅིག་པུས་ད་རུང་སུ་ཞིག་མིག་ཟུང་གིས་ཅེར་ནས
ཅི་ཞིག་ལག་ཟུང་དུ་གཟེད་པར་རེམས

                  
           ༢༠༡༣.༠༦.༢༦

           དྲི་བ་འདི་སུ་ལ་འདྲི།
 
གླུ་བ་དེ་སླར་བཞིན་སྟེགས་བུར་འཛེགས་སོང
འཚམས་འདྲི་ཞུ་ཞོར་དང་གླ་དབྱངས་གྱེར་ཞོར་གྱིས་སྟངས་སྟབས་ངོམས་སོང
དོགས་འཆར་མི་དགོས་ཁར་བདེན་ཁ་ཡོད་པ་ཞིག་ནི
མི་རིགས་ག་གེ་མོ་ཞིག་གི་གླུ་བ་ཡིན་འདུག
གླ་དབྱངས་ཡིན་འདུག
གླུ་དབྱངས་དེས་ལུང་ཁོག་བྲག་ཅས་བཀང་ཐལ
བྲལ་ཅ་དེ་ཉན་མཁན་ཇི་ཙམ་ཡོད་སྲིད
                     ༢༠༡༣.༠༧.༠༣



              ཡུལ་ལ་ལོག་གིན་ཡོད།

                      ——དབུས་ལ་ལོག་གིན་ཡོད།
             ༡
ངས་འདི་ལྟར་སྤྲོས་བས་སྨྱོས་ནས་སྐད་འདི་སྐུར་དུས
ངས་འདི་ལྟར་རེ་དོགས་ཀློང་ནས་བརྡ་འདི་བཏང་དུས
ངས་འདི་ལྟར་འདུར་རྒྱུགས་བར་ནས་ལམ་ལ་ཆས་དུས

སེམས་པའི་ཟབ་ས་དང་གློ་བའི་ཉེ་སར་ཉལ་བའི་གྲོགས་པོ་ཁྱོད་ཀྱིས
སུ་ཞིག་མིག་ལམ་ལ་ཤར་ཞིང་ཅི་ཞིག་སྣང་ངོ་རུ་གསལ་ཡོང
             ༢
ངས་ཁ་ཡག་དང་ཚུལ་འཆོས་ཀྱི་རྒྱགས་ཕྱེ་ལྟ་གོན་བགྱིས་ཚར
མེ་འཁོར་སྤ་སེ་དང་ཐོབ་ཐང་ལག་ཁྱེར་གྲ་སྒྲིག་བྱས་ཟིན
གཉེན་ཉེ་དང་ཡབ་ཡུམ་དབུལ་བའི་ལག་རྟགས་ཀྱང་བླུས་བདོག

རིགས་ཞེན་གྱི་སྤོབས་པ་རུམ་པའི་གྲོགས་པོ་ཁྱོད་ཀྱིས
ད་རུང་ང་ལ་ཅི་ཞིག་བསླབ་བྱ་མཛད་པར་བྱ
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།