གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་སྐབས་སུ་སྐད་ཆ་འདི་འདྲ་ཤོར་འགྲོ།

2013-08-24 09:47:00 སྨག་འཇོམས། ཀློག་གྲངས། མཆན ཡོད།

 

 

རང་ཉིད་ཀྱིས་མ་འཁྲོལ་བའི་སྐད་ཆ་དག
སྙིང་ཁམས་ཧར་གྱིས་ཕྱེ་བའི་འོད་སྣང་བཞིན།
ལོ་རབས་ཅི་ཙམ་དང་དུས་རབས་ག་ཙམ་གྱི་རྗེས་སུ།
ཤི་བོའི་དུར་ཐང་ན་སྐྱོ་སྣང་གི་མིག་ཆུ་བསྐྱོར་བའི།
དཀར་སེང་སེང་གི་ཀེང་རུས་དེ་དག་གིས།

འཇག་སྐྱའི་ཤུགས་གླུ་དང་བྱ་རྒོད་ཀྱི་གཤོག་རླབས་ཁྲོད།
ཡིག་དྲུག་གི་དར་ལྕོག་ཟད་པོས་ཐག་སྒྲར་འགྲོགས་ནས།
ཁྱོད་ཀྱི་རུས་གསེབ་ཏུ་དཔྱིད་གསར་གྱི་སྦྲང་ཆར་བཞིན།
སིམ་སིམ་ཕབ་སྲིད་པའི་དབང་དུ་བཏང་ན།

དེ་རིང་འཚོ་བའི་ངལ་དུབ་ཀྱི་འདམ་བག་འཆགས་པའི།
ཁྱོད་ཀྱི་ནང་སེམས་ཀྱི་མཛེས་སྡུག་གི་ཞིང་ཁ་རུ།
ང་ལ་བདག་པའི་ཕྱིར་དྲན་གྱི་སྤྱིལ་བུ་ཆུང་ཆུང་ཞིག་འཇོག་ཨེ་སྲིད།

                  ____༢༠༡༣/༦/༡༤ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།