གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱབ་གཟུགས།

2014-08-08 07:23:00 རྣོ་ཟུར།༼རྔ་བ༽ ཀློག་གྲངས། མཆན ཡོད།


མིག་ཟུང་ལ་ཕོག་པའི་ནད་དུག་དེས་ཁྱོད་རང་རྒྱང་ལ་དེད་དེ
སྣང་བའི་དབྱིངས་སུ་འབྲི་བ་ལས་ཐབས་གཞན་མ་རྙེད་དོ

རྩེད་ར་འདིར་གཅུན་པའི་མི་ལོ་འདི་དག་གི་མཛེས་སྡུག
ཁྱོད་ཀྱི་ཡབ་ཆེན་ལ་བྲིས་པའི་འཁྲེང་སེམས་བཞིན་ལྷོག་ལྷོག་རེད
 
ངུ་སྐད འཁུན་སྒྲ མིག་ཆུ ཡོད་ཚད་ཀྱི་ས་བོན་དུ་བཞག་པའི་རེ་བ
ཟངས་པར་འཕང་བའི་ཉ་མོ་དེ་འཕག་ལ་བྲེལ
 
མེ་ཏོག་གི་མཛེས་སྡུག་ལྟ་བུའི་ཁྱོད་ཀྱི་རྒྱབ་གཟུགས
སྣང་བའི་ཁམས་ལ་སྐྱོར་ནས་སྲུང་མདུད་བྱས

རྒྱབ་གཟུགས་དེའང་ཕྱིར་འོང་བའི་སྐྱ་མི་བཞིན
ནག་ཟོར་ཟོར་གྱིས་འགུལ
 
ངས་ཀྱང་སྨྱུ་གུ་དམ་པོར་འཆང་ནས་ལུས་དང་སྲོག་ཅེས་པའི་འཇིག་རྟེན་ཞིག་བཞེངས

ཤུ བྲོས་བྱོལ་དུ་ཡལ་བའི་ཁྱོད
འཇའ་དང་འོད་ཀྱིས་འཁོར་ཚོགས་བཞིན་བཞུད་སོང
         ༢༠༡༤---༣---༢༧ཉིན་གྱི་དགུང་མོ་སྐྱོ་བ་དང་བཅས།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།