གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཚོད།

2014-06-01 10:02:00 བཙན། ཀློག་གྲངས། མཆན ཡོད།

རླུང་གིས་འཐག་པའི་ནམ་མཁའ་རྡུལ་དུ་གྱུར
གྱོང་བའི་ས་གཞི་ཐེད་པོ་རྡུལ་དུ་གྱུར
ཞོགས་པའི་ཉི་ཟེར་རྡུལ་དུ་གྱུར
ང་ཡི་རྟ་ཕོ་རྡུལ་དུ་གྱུར
ནགས་ཚལ་ཁྲོད་ཀྱི་སྐྱེ་བོ་དེའང་རྡུལ་དུ་གྱུར
ཤུལ་ཏུ་ལྷག་པའི་རྡོ་ཡི་སེངྒེ་རྡུལ་དུ་མི་འགྱུར་ག་ལ་སྲིད
 
ཆང་ཕོར་ནང་གི་མེ་ལྕེ་གློ་ནག
མུ་གེར་འཆི་བཞིན་པའི་སྲང་ལམ་གྱི་མི་ཚོགས
མཚན་མོའི་ཟླ་འོད་དང་སྦྲུལ་གྱི་པགས་པ་ཁྲ་ཁྲ
དུས་ཚོད་ཁོ་ན་བདག་གི་ཚེ་སྲོག་གོ
 
               ༢༠༡༤  ༡  ༢༤  བྲིས།
                   ༢༠༡༤  ༣  ༤  བཅོས།
 

          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།