སྙན་ངག་རྐང་གཉིས་མ།

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-05-28


མེ་ཡི་རྐང་བ་བཅག་རྗེས
ཞི་ལ་ཁྲ་ཁྲ་ཞིག་ཏུ་གྱུར་སོང

རླུང་གི་རི་མོ་ལས
དྲི་ཡི་ཁ་དོག་སྣ་ཚོགས་འཚུབ

ཆུ་ཡི་སྨྲ་བ་བཅད་པས
ལྗོན་པ་ཁེར་རྐྱང་དུ་ངུས

དུས་ཚོད་ཀྱི་མཆེ་བ་དང་སྡེར་མོས
གཟུགས་ཀྱི་ཤ་དང་རུས་པ་འཆའ

     ༢༠༡༤.༠༥.༠༦ ཕྱི་དྲོ་ལས་ཤག་ཏུ།

  ༼ཕྲན་དཔྱད།  རྨ་ཆུའི་བསམ་གཏན།༽ སྙན་ངག་འདིའི་ཕྱི་འགྲེལ་ནང་འགྲེལ་གཉིས་ནས་༼བཅག༽ཡོད་ལ་༼བཅད༽ཀྱང་ཡོད་པ་ནས། ཡིད་བཟོའི་ཁམས་སུ་སྣ་ཐོན་ཞིང་རླུང་གི་དྲི་མའི་རྣམ་གྲངས་ཤིག་ཀྱང་མེ་རླུང་ཆུ་ལྟར་ཐག་འཁྱུད་ཀྱི་རྐང་བར་ཐོགས་པའི་གསེབ་ནས་ས་བོར་སོང་བ་ནི་ཡང་༼བཅད༽དང༼བཅག༽ལས་མ་རྐྱེན་པ་མེད་ལ། ཆེས་གཉོམ་ཆུང་དུ་འགྱུར་བ་ནི་༼རྐང་བ་༽དང་༼ངག༽གཉིས་ཐོན་པ་ནས་སླར་ཡང་རང་གཟུགས་མཐའ་ཅན་དུ་འཆི་དགོས་པའི་ལས་དབང་གི་ཀོ་ཐུམ། ཀོ་ཐུམ་དེ་དུས་ཚོད་ཀྱི་འབྲེལ་སྒྲ་མིན་པ་ཙམ་མ་གཏོགས། སླར་ཡང་འཇིག་རྟེན་པ་གཤའ་མ་ཞིག་ལྟར། རུས་པ་འཆའ་བ་ནི་ལྟོ་རྟེན་གྱི་འཁོར་ལོ་ནས་མ་ཐར་བའོ།། སྙན་ངག་འདིས་ཤེས་རབ་རང་ཉིད་ཀྱི་རྫོགས་མཐའ་འམ་རྙེད་པ་མེད་པའི་ཡོངས་སུ་འཁྲུགས་པའི་སྙན་ངག་གི་ནག་དོང་མཚོན།
 
          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རྐང་གཉིས་མ།

2014-05-28 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།


མེ་ཡི་རྐང་བ་བཅག་རྗེས
ཞི་ལ་ཁྲ་ཁྲ་ཞིག་ཏུ་གྱུར་སོང

རླུང་གི་རི་མོ་ལས
དྲི་ཡི་ཁ་དོག་སྣ་ཚོགས་འཚུབ

ཆུ་ཡི་སྨྲ་བ་བཅད་པས
ལྗོན་པ་ཁེར་རྐྱང་དུ་ངུས

དུས་ཚོད་ཀྱི་མཆེ་བ་དང་སྡེར་མོས
གཟུགས་ཀྱི་ཤ་དང་རུས་པ་འཆའ

     ༢༠༡༤.༠༥.༠༦ ཕྱི་དྲོ་ལས་ཤག་ཏུ།

  ༼ཕྲན་དཔྱད།  རྨ་ཆུའི་བསམ་གཏན།༽ སྙན་ངག་འདིའི་ཕྱི་འགྲེལ་ནང་འགྲེལ་གཉིས་ནས་༼བཅག༽ཡོད་ལ་༼བཅད༽ཀྱང་ཡོད་པ་ནས། ཡིད་བཟོའི་ཁམས་སུ་སྣ་ཐོན་ཞིང་རླུང་གི་དྲི་མའི་རྣམ་གྲངས་ཤིག་ཀྱང་མེ་རླུང་ཆུ་ལྟར་ཐག་འཁྱུད་ཀྱི་རྐང་བར་ཐོགས་པའི་གསེབ་ནས་ས་བོར་སོང་བ་ནི་ཡང་༼བཅད༽དང༼བཅག༽ལས་མ་རྐྱེན་པ་མེད་ལ། ཆེས་གཉོམ་ཆུང་དུ་འགྱུར་བ་ནི་༼རྐང་བ་༽དང་༼ངག༽གཉིས་ཐོན་པ་ནས་སླར་ཡང་རང་གཟུགས་མཐའ་ཅན་དུ་འཆི་དགོས་པའི་ལས་དབང་གི་ཀོ་ཐུམ། ཀོ་ཐུམ་དེ་དུས་ཚོད་ཀྱི་འབྲེལ་སྒྲ་མིན་པ་ཙམ་མ་གཏོགས། སླར་ཡང་འཇིག་རྟེན་པ་གཤའ་མ་ཞིག་ལྟར། རུས་པ་འཆའ་བ་ནི་ལྟོ་རྟེན་གྱི་འཁོར་ལོ་ནས་མ་ཐར་བའོ།། སྙན་ངག་འདིས་ཤེས་རབ་རང་ཉིད་ཀྱི་རྫོགས་མཐའ་འམ་རྙེད་པ་མེད་པའི་ཡོངས་སུ་འཁྲུགས་པའི་སྙན་ངག་གི་ནག་དོང་མཚོན།
 
          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།