གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་འབབ་ཚུལ།

2014-04-24 15:05:00 གྲི་ཐུང་། ཀློག་གྲངས། མཆན ཡོད།

ཁ་བ་བབས་བྱུང
མཐོང་ལམ་གྱི་ལྷིང་འཇགས་ལ་བབས་བྱུང
ཡོད་ཚད་བཞུད་ཤུལ་དུ་ཁ་རོག་གེར་བབས་བྱུང
མིག་གི་སྐྱིབས་སུ་འཇིག་རྟེན་ཞིག་སྐྱེ་སྲིད་པར་འདོད་ནས
ཚེགས་ཡུས་མཐའ་དག་ལོགས་སུ་གཏད་རྗེས
ཁ་བ་རྨི་ལམ་བཞིན་བབས་བྱུང
སྣང་བ་ཞིག་ལ
ཁ་བ་ནི་རོལ་དབྱངས་ཤིག་ལྟར
ས་གཞིའི་སྙིང་ཁར་སིམ་སོང་ལ
རང་ཉིད་ནི་ཁ་བ་བཞིན
ཁ་བ་འབབ་ཚུལ་དང་འདྲེས་སོང
ཁ་བ་ནི་སྒེའུ་ཁུང་ཕྱི་རུ་བབས་པ་དེ་མིན
འཇིག་རྟེན་འདིར་མ་སླེབ་པའི་ལྷོད་འཇགས་བརྡོལ་བ་ཞིག

ཁ་བ་བབས་བྱུང
དུས་ཚོད་མ་སྐྱེས་པའི་སྟོང་བའི་ཁམས་ནས་བབས་བྱུང

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།