ཁང་མིག་དང་ཆིག་ལབ།

ཚིག་པ་ཟ་བའི་འབུ་ཕྲའི་སྡུག་བསྔལ
ཁོག་སྟོད་ལ་འཚང་བའི་དབུགས་ཀྱི་ཕོ་བྲང
དེ་རུ་མ་སླེབས་པའི་གྱ་གྱུའི་གསང་གཏམ

ཀུ་རེ་ལ་བརྡར་བའི་རོ
ནུབ་ལ་ཉེ་བའི་ཟླ་འོད
རྐང་ཐང་ལ་བཙལ་བའི་འོད་ཀྱི་ནག་ཐིགས
ཕྱིར་ལ་ཆགས་པའི་བྲག་ཅའི་ཅ་ཅོ
དེ་ཉིད་ཁོ་ན་ལ་འཁྲུལ་བའི་མཛེས་པ་དང་ཞེ་སྡང

ཆུ་ལ་སྦངས་བའི་རྡོ་བའི་ཆུ་དང་བར་ཐག་སྟོང་བ
ཐ་སྙད་དག་ལས་སྐྱེས་བའི་གཙང་བོའི་སྙིང་རྩིད
མུན་པའི་སྒྲུབ་ཕུག་ལ་དཔྱངས་བའི་མེ་ཏོག་གི་སྲོག
ཁོ་མོ་ངོ་ཤེས་བའི་མཚན་མོར་བོར་སོང་བའི་ཅེ་སྤྱང
ཉི་འོད་ལས་འཐག་པའི་གསང་བའི་གྲིབ་ཆུང
ང་རང་ཡང་ཡང་ཤར་རིའི་རྩེར་འགྲོ་མྱོང

ཁང་མིག་དེ་ཁོ་མོ་ཡིན་ན
ང་རང་ཕྱི་ནས་ནང་ལ་བཅར་ཟིན
         2013 10 28
 
    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁང་མིག་དང་ཆིག་ལབ།

2014-04-24 ཐེའུ། ཀློག་གྲངས། མཆན ཡོད།

ཚིག་པ་ཟ་བའི་འབུ་ཕྲའི་སྡུག་བསྔལ
ཁོག་སྟོད་ལ་འཚང་བའི་དབུགས་ཀྱི་ཕོ་བྲང
དེ་རུ་མ་སླེབས་པའི་གྱ་གྱུའི་གསང་གཏམ

ཀུ་རེ་ལ་བརྡར་བའི་རོ
ནུབ་ལ་ཉེ་བའི་ཟླ་འོད
རྐང་ཐང་ལ་བཙལ་བའི་འོད་ཀྱི་ནག་ཐིགས
ཕྱིར་ལ་ཆགས་པའི་བྲག་ཅའི་ཅ་ཅོ
དེ་ཉིད་ཁོ་ན་ལ་འཁྲུལ་བའི་མཛེས་པ་དང་ཞེ་སྡང

ཆུ་ལ་སྦངས་བའི་རྡོ་བའི་ཆུ་དང་བར་ཐག་སྟོང་བ
ཐ་སྙད་དག་ལས་སྐྱེས་བའི་གཙང་བོའི་སྙིང་རྩིད
མུན་པའི་སྒྲུབ་ཕུག་ལ་དཔྱངས་བའི་མེ་ཏོག་གི་སྲོག
ཁོ་མོ་ངོ་ཤེས་བའི་མཚན་མོར་བོར་སོང་བའི་ཅེ་སྤྱང
ཉི་འོད་ལས་འཐག་པའི་གསང་བའི་གྲིབ་ཆུང
ང་རང་ཡང་ཡང་ཤར་རིའི་རྩེར་འགྲོ་མྱོང

ཁང་མིག་དེ་ཁོ་མོ་ཡིན་ན
ང་རང་ཕྱི་ནས་ནང་ལ་བཅར་ཟིན
         2013 10 28
 
    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།