གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟུར་ངོས་ཀྱི་པར་རིས།

2014-03-25 14:10:00 སེང་གདོང་།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

ཕྱོགས་ཤིག་ནས་བལྟས་ན
ཁྱོད་ཀྱི་མཚན་སྤུའི་གསེབ་ཀྱི་ཤིག་དང་སྲོ་མ་དག་མཐོང་ཞིང
དེ་ཡི་འགྲམ་གྱི་བཤང་སྒོའི་སྐྱེད་ཚལ་ནི
རིག་གསར་གྱིས་ཕྱགས་པའི་མེད་མུག་གི་ན་བུན་སྟུག་པོ་ཞིག

འབུ་སྲིན་གྱིས་ཀུ་ཅོ་བསྒྲགས་པར་ཧད་དེ
བྲང་འོག་གི་ནམ་མཁའི་གདོང་འབག་བཤུས་ནས
ལག་པ་ཡ་གཅིག་ཁྱོད་ཀྱི་བྲང་ཁར་གླན་འདོད་ཀྱི་སྲེད་པ་ནི
མིས་བཟོས་ཕ་བོང་ཞིག་གི་རིན་གོང་གི་ཚད་བྱང་ཙམ་དང
ཤེས་རབ་ཀྱི་མངལ་དུ་སྦྲུམ་པའི་བྱེའུ་ཉམ་ང་བ་དེའོ

ཐབ་ཁུང་དུ་འཕྱུར་ཡོང་བའི་མེ་ལྕེ་ནག་པོ་དེ་དག
འདོད་ཧམ་གྱིས་སྨྱོས་པའི་ཁེ་བ་ཞིག་གི་ཨམ་ཕྲག་བརྟོལ་བའི་གསེར་སྒོར་ཐེར་འབུམ་ཞིག་གམ    
བློ་ཡུལ་ལས་འགོངས་བའི་དགའ་མགུ་ཡི་རང་གི་རྣམ་པ་ཞིག
        
                   2013/11/27ཉིན་ཤར་མར་བྲིས།
        
      
   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
       

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།