ཆེས་མཐའ་མའི་འབབ་ཚིགས།༼ཞར་བཀོད་གཉིས་ཡོད༽

བོད་བྱང་ལྷ་རི་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-01-02

ལག་གཡུག་རེ་དང་སྨོན་ལམ་རེ
རེ་སྒུག་རེ་དང་སེམས་གཏམ་རེའི་དབར་ན
མི་ཟུང་སང་ཉིན་ལ་བོར་བའི
འདི་ནས་རྨི་ལམ་གྱི་སྦྲུམ་པའི་ལོ་ཟླའི་ཁྲོད
སྔས་སུ་རུམ་པའི་ཞེ་སྣང་དེས
སླར་ཡང་ལོག་ཕེབས་སུ་བསྒོམས་པའི་
མི་འགྱང་བའི་འབབ་ཚིགས་དེ
ཆེས་ཐོག་མའམ་མཐའ་མའི་འབབ་ཚིགས་ཨི་ཡིན

          གཟེབ་དུ་གབ་པའི་མི།
          ༡
གོམས་ལོབ་ཞིག་གམ
འདྲེས་ཕྱོགས་གཅིག་གིས
འཐིམས་ཟིན་པའི་སེམས་པ་དམར་བོ
དར་ལྕེ་བཞིན་ཟད་གྱིན་འདུག
         ༢
གསང་བའི་གཏིང་རིམ་གི་སྲུབ་ཁ་ན
ཞེ་ལ་ཐོག་པའི་ཆུ་མིག་རེ་རེས
སུ་ཞིག་གི་རྣ་བ་བརླན་དུས
དགུན་རླུང་གི་མ་བསྡམས་རོགས
         ༣
ནག་རོག་གེར
སྣང་བ་ཐན་ཐུན་རེའི་མཁའ་ན
ནམ་ཞར་ཏུ་ནུབ་མེད་པ
སུ་ཞིག་འཚོ་བཞིན
         ༢༠༡༢ལོའི་ཟླ༡༠ཚེས༢༢ཉིན།

           དོ་ནུབ།  ཆར་བ་བབས་སོང་།

དོ་ནུབ།   ནག་ལོང་ལོང་གི་དབུས་ནས
ཇི་ཙམ་ཅེར་ཡང་ནག་ལྷོག་ལྷོག
ཆིལ་ཆིལ་དུ་ལྷུང་བའི་གནམ་རྒན་མའི་མིག་ཆུ་ལས
རྣ་ལམ་དུ་ཅི་ཡང་མ་ཐོས
ཡོད་ཚད་རྨི་ལམ་ལ་བསྒོམས་པའི
སྔས་འགོ་བརླན་པར་དོག་པའི་སྣང་བ་ཞིག་བྱུང
            
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆེས་མཐའ་མའི་འབབ་ཚིགས།༼ཞར་བཀོད་གཉིས་ཡོད༽

2014-01-02 བོད་བྱང་ལྷ་རི་པ། ཀློག་གྲངས། མཆན ཡོད།

ལག་གཡུག་རེ་དང་སྨོན་ལམ་རེ
རེ་སྒུག་རེ་དང་སེམས་གཏམ་རེའི་དབར་ན
མི་ཟུང་སང་ཉིན་ལ་བོར་བའི
འདི་ནས་རྨི་ལམ་གྱི་སྦྲུམ་པའི་ལོ་ཟླའི་ཁྲོད
སྔས་སུ་རུམ་པའི་ཞེ་སྣང་དེས
སླར་ཡང་ལོག་ཕེབས་སུ་བསྒོམས་པའི་
མི་འགྱང་བའི་འབབ་ཚིགས་དེ
ཆེས་ཐོག་མའམ་མཐའ་མའི་འབབ་ཚིགས་ཨི་ཡིན

          གཟེབ་དུ་གབ་པའི་མི།
          ༡
གོམས་ལོབ་ཞིག་གམ
འདྲེས་ཕྱོགས་གཅིག་གིས
འཐིམས་ཟིན་པའི་སེམས་པ་དམར་བོ
དར་ལྕེ་བཞིན་ཟད་གྱིན་འདུག
         ༢
གསང་བའི་གཏིང་རིམ་གི་སྲུབ་ཁ་ན
ཞེ་ལ་ཐོག་པའི་ཆུ་མིག་རེ་རེས
སུ་ཞིག་གི་རྣ་བ་བརླན་དུས
དགུན་རླུང་གི་མ་བསྡམས་རོགས
         ༣
ནག་རོག་གེར
སྣང་བ་ཐན་ཐུན་རེའི་མཁའ་ན
ནམ་ཞར་ཏུ་ནུབ་མེད་པ
སུ་ཞིག་འཚོ་བཞིན
         ༢༠༡༢ལོའི་ཟླ༡༠ཚེས༢༢ཉིན།

           དོ་ནུབ།  ཆར་བ་བབས་སོང་།

དོ་ནུབ།   ནག་ལོང་ལོང་གི་དབུས་ནས
ཇི་ཙམ་ཅེར་ཡང་ནག་ལྷོག་ལྷོག
ཆིལ་ཆིལ་དུ་ལྷུང་བའི་གནམ་རྒན་མའི་མིག་ཆུ་ལས
རྣ་ལམ་དུ་ཅི་ཡང་མ་ཐོས
ཡོད་ཚད་རྨི་ལམ་ལ་བསྒོམས་པའི
སྔས་འགོ་བརླན་པར་དོག་པའི་སྣང་བ་ཞིག་བྱུང
            
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།