སྤྲེའུས་མྱི་བཟུང་ནས་དོན་རྐྱེན་བསླངས་ཚུལ།༼ཞར་བཀོད་གསུམ་ཡོད༽

བསེ་མགོན་པོ་རྒྱལ།༼ཁྱུང་མཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-01-02

སྤྲ་དང་སྤྲེའུ་ནི་མྱིའི་མེས་པོ་ཡིན་ཡང
ད་ལྟ་ང་ཚོར་ནམ་ཡང་མཚུངས་རྟགས་འཐོབ་མི་སྲིད
རྒྱུ་མཚན་ང་ནི་འགྲོ་བ་མྱི་ཡིན
ང་ལ་ཤེར་རྟོགས་ཀྱི་རྣམ་དཔྱོད་དང་རྒྱུ་འབྲས་ཀྱི་བློ་མིག་ཡོད
ང་ལ་སྤྱི་ཡངས་ཀྱི་བསམ་བློ་དང་དཔྱོད་ཤེས་ཀྱི་བློ་མིག་རྒོད

དེ་རིང་སྤྲེའུ་ཚོགས་ཀྱི་གསེབ་ཏུ་མྱི་ཞིག་ལྷུང་སོང
སྤྲེའུའི་མྱི་སྐད་མི་གོ་ཞིང་མྱི་ཡིས་སྤྲེའུ་སྐད་ག་ལ་ཤོད
ང་ཚོས་ཕན་ཚུན་གྱི་རྣམ་འགྱུར་ལ་ལྟ་བ་ལས་ཐབས་ཅི
སྤྲེའུས་ཁོ་ཚོའི་མཇུག་མ་ལ་ཡང་ཡང་ལྟ་བཞིན
མྱི་ལ་མཇུག་མ་མེད་པའི་སྐྱོན་མཚང་གདོང་ལ་དྲུད
མྱི་ཡིས་སྤྲེའུའི་ལད་སྤྱོད་ལ་བསམ་བཞིན་བསམ་བཞིན
སྤྲེའུ་ལ་འཕོ་འགྱུར་མེད་པའི་འཁང་རས་མགྲིན་པ་སྨྲེང
          ༢༠༡༣ལོའི་དབྱར་ཟླ་དྲུག་པའི་ཚེས་༡༣ཉིན་ལ།
       
             དོ་ནུབ་ང་འུག་པ་ཡིན།

དོ་ནུབ་ང་འུག་པ་ཡིན
མཚན་མོ་འདི་མཚན་མོ་རྒྱུ་བའི་འགྲོ་བ་ལ་དབང
ཁྱེད་ཀྱིས་མུན་ནག་ཐམས་ཅད་སྤྱོད་ཁང་དུ་སྒོམ་དུས
མུན་པ་ནི་ངའི་འཇིག་རྟེན་ཡིན་པ་ཚོར་གྱིན་མེད་པ་འདྲ

དོ་ནུབ་ང་འུག་པ་ཡིན།
མུན་པས་ངའི་མིག་དབང་བརྒྱན་ཡོད
ཁྱེད་ཀྱིས་མུན་པ་གྱོན་ནས་མ་བྱིན་ལེན་དུས
མཚན་མོ་འདི་ང་ལ་དབང་བ་བརྗེད་ཟིན་པ་འདྲ

དོ་ནུབ་ང་འུག་པ་ཡིན
ང་རང་རྔམས་མཐུག་པའི་སྨག་རུམ་ལ་དགའ
ཁྱེད་ཀྱིས་མཚན་མོ་ཡོད་ཚད་ལོངས་སྤྱོད་ལ་རློམ་དུས
དོན་ངོ་མར་མུན་པ་ལ་དུངས་མཁན་དེ་ང་མིན་པ་འདྲ

དོ་ནུབ་ང་འུག་པ་ཡིན
ངས་ནམ་ཡང་མུན་ནག་ལ་རེ་བ་ཡིན
ཁྱེད་ཀྱིས་མཚན་མོ་ལ་ར་ེབའི་ཡ་ཆུང་ཁྲག་གིས་གཤེར་དུས
ངའི་མིག་མཐའ་ན་འཁྱིལ་བ་མཆུ་མ་ཙམ་ཡིན་པ་འདྲ

དོ་ནུབ་ང་འུག་པ་ཡིན
ངའི་ལས་དབང་མུན་པ་ལ་བཅོལ་ཡོད
མུན་པས་ཁྱེད་ལ་བསྩལ་བའི་སྙན་གྲགས་ལ་གཞིགས་དུས
མུན་པ་འདི་ཡང་འདྲ་མཉམ་ཞིག་མིན་པ་འདྲ
ང་འུག་པ་ཡིན
          
           ཟླ་གསར་ཁུགས་པའི་ཉིན་གཅིག་གི་རྟོག་འགྱུ
            
དེ་རིང་གནམ་ས་གས་པའི་ཧྲག་བར་ནས
ས་ནག་པོ་འདོམ་ལ་འཇལ་ཞིང་སྤྲིན་དཀར་པོ་ཐོད་ལ་བཏགས་དུས
ཁོད་ཡངས་པའི་རྩྭ་ཐང་འདི་ངའི་བྱང་ཁོག་ཡིན
རྫ་མཐོན་པོའི་ལྕགས་རི་འདི་ངའི་གཞིས་ཁྱིམ་ཡིན
སྤྲིན་དཀར་པོའི་བང་རིམ་འདི་ངའི་གཡང་གི་ལུག་ཁྱུ་ཡིན
ངས་དེ་རིང་སེམས་པ་གདན་ལ་བཏིང་ཞིང
རང་ལུས་འདོམ་ལ་འཇལ་དུས
ལོ་ཟླའི་མཆེ་བར་བཙིར་བས་བདག་གི་ལང་ཚོ་ཡ
ང་ལ་བཞག་པ་ནི་ཐོབ་གྲངས་མེད་པའི་ཕྱི་དྲན་ཞིག་ལས་ཅི
ཚང་མ་རྒས་ནས་རུལ་ཚར་འདུག
ངས་དེ་རིང་རང་སེམས་ལག་ལ་བཟུང་སྟེ
ཕུགས་བསམ་རྒྱ་མར་འཇལ་དུས
ངས་འཚོལ་ཞིང་བསྙེག་གིན་པ་ཡོད་ཚད
ཅི་ཞིག་གི་ཐོབ་ཤོར་བསྙེག་པའི་ཉིན་ཐོ་ལས་མི་འདུག
ངས་བཙལ་ཅིང་བོར་ཟིན་པ་ག་ཚོད
ངའི་ཕྱི་དྲན་གྱི་ཡོལ་ངོས་ན་ཐ་སྙད་ཀྱི་གོང་བུར་འདྲིལ་ནས
བློ་རྒྱུ་མའི་ཧྲག་བར་ནས་ཆས་ཏེ
ཡ་ཁོག་ནས་མགྲིན་ངོགས་སུ་ལོག་ཕེབས་བྱས་པ་ལན་གཅིག་མིན
ངས་དེ་རིང་སྨྲ་བརྗོད་ལ་རང་དབང་ཞུས་ཏེ
མིད་པ་ཕྱིར་རྫོགས་ཤིང་སེམས་པ་ཕྱིར་ལུད་དེ
ས་ཆེན་མོ་འདར་འགུལ་ཐེངས་ཤིག་དང
གནམ་སྔོན་པོ་ངུ་ཞུམ་ཐེངས་ཤིག་བྱེད་པར་བསམ་བྱུང
 
            གཉིད་མི་ཁུགས་པའི་མཚན་མོ་འདི་དག

མཐོང་ལམ་ན་བཞུར་བཞིན་པའི་ལོ་ཟླའི་ཆུ་བོར
བསམ་གཞིག་གི་ཁ་དོག་བགོས་ཤིང
ཕྱི་རྟོགས་ཀྱི་རི་མོ་དགོད་དུས
ང་ལ་དབུགས་ཐེངས་ཤིག་གི་ངལ་གསོ་ཡང་མེད་པ་འདྲ
མཚན་མོ་རེར་མགོ་བོ་སྔས་མགོར་བཞག་མ་ཐག
བསྐྱར་ཟློས་ཀྱི་འཚོ་བའི་བྱུང་རིམ་དག
ལེའུ་ལ་རྒྱུས་ཏེ་སེམས་ཡོལ་དུ་གློག་བརྙན་ལྟར་འཆར་འོང

དོ་ནུབ་ང་རང་གཉིད་མི་ཁུགས་པའི་རྒྱུ་མཚན་ནི
ངའི་ཡ་ཆུང་ལ་ཟུག་པའི་ཚེར་མའི་མེ་ཏོག་དེའི་རྐྱེན་ཡིན་ནམ
ངའི་ཡ་ཐོད་ལ་དཔྱངས་པའི་བྱུ་རུའི་སྐེ་རྒྱན་དེའི་དབང་གིས་ཡིན
འགྲེས་ལོག་ཅི་ཙམ་བྱས་ཀྱང་གཉིད་ཁུགས་པའི་གོ་སྐབས་ཤིག་མ་བྱུང

ངའི་ཡན་ལག་སྒྲོག་པའི་ཚུལ་འཆོས་ཀྱི་གུས་ལུགས་དེས་ཡིན་ནམ
ངའི་རང་དབང་སྡོམ་པའི་དད་མོས་རྫུན་མ་དེས་ཡིན
མགོ་བོ་ཇི་ལྟར་ནང་དུ་བཅུག་རུང་གཉིད་ཁུགས་པའི་བཟོ་ལྟ་ཞིག་ཀྱང་མ་བྱུང

ཤོར་ཟིན་པའི་མཛེས་པ་དེའི་འཁང་ར་ཡིན་ནམ
རེག་ཟིན་པའི་བདེ་སྐྱིད་དེའི་མངར་ཁ་ཡིན
མིག་ཟུང་ཇི་ལྟར་བཙུམ་ཡང་གཉིད་ཁུགས་པའི་རེ་བ་ཞིག་མ་བྱུང

ཁ་ཕོ་ཆེ་བའི་བུ་སྡུག་དེའི་རྫིག་ཉམས་མཐོང་བས་ཡིན་ནམ
ལྕེ་དགུ་འཛོམས་པའི་འཆལ་མོ་དེའི་མྱི་ཁ་བསློས་པའི་ཡིན
མིག་ཟུང་བཙུམ་པའི་བསྐལ་བ་ཞིག་བྱུང་མ་ཐལ

མེས་པོ་རྗེས་སུ་དྲན་པའི་སྐྱོ་དབྱངས་ཀྱིས་ཡིན་ནམ
དཔའ་བོ་ཡི་རེངས་བྱེད་པའི་དགའ་མགུ་དེས་ཡིན
སྟོན་ནམ་འདི་འགྱངས་ཐབས་ཤིག་མི་འདུག

མཚན་མོ་འདི་ཧ་ཅང་རིང་དྲག་པས་ཡིན་ནམ
སེམས་པ་འདི་ཧ་ཅང་བྲལ་ཆེ་བའི་ཡིན
མཚན་མོ་འདི་དག་ལ་གཉིད་ཁུགས་པའི་བསྐལ་བ་ཞིག་བྱུང་མ་མྱོང

རྒྱུ་འབྲས་ཀྱི་རྒྱ་མ་ཆག་པོ་དེས་ཡིན་ནམ
གནས་ལུགས་ཀྱི་ལྷན་པ་ཧྲུལ་བོ་དེས་ཡིན
འཆི་དགོས་རུང་མིག་ཟུང་བགྲད་འདུག་པའི་མཚན་མོ་འདི་དག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲེའུས་མྱི་བཟུང་ནས་དོན་རྐྱེན་བསླངས་ཚུལ།༼ཞར་བཀོད་གསུམ་ཡོད༽

2014-01-02 བསེ་མགོན་པོ་རྒྱལ།༼ཁྱུང་མཆུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།