འདི་རུ་ཕེབས།

ཚེ་རིང་བཀྲ་ཤིས།༼ས་སྐྱ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-01-02
 གླིང་འདི་ཡི་སྐྱེ་ཁམས་མཚར་བའི་དམན་ཆུང་ཚོ།
ཁྱེད་ཚོ་གང་ཡང་མ་འགྲོ།  འདི་རུ་ཕེབས།
ངའི་དྭངས་གཙང་གི་འཇིག་རྟེན།
གནས་འདི་ན།
མི་ཡུལ་གྱི་སྙིང་བཅུད་ཡོད་ལ།
རྡོ་རྗེའི་སྙིང་ཁ་ནམ་ཡང་སྲ་ཞིང་བརྟན།
ངའི་ཚེ་སྲོག་གི་བབ་རྒྱུན་ཁྱེད་ཚོ་དང་སྦྲེལ་ནས་ཡོད།

ངས་དགའ་བའི་སྙིང་ཁོང་མཛེས་ལྡན་ཚོ།
ཁྱེད་ཚོ་གནས་འདི་ལས་མ་འཕོས་པར་གནང།
ངའི་ཡིད་རྟོན་གྱི་འཇིག་རྟེན།
གནས་འདི་ན།
འཇིག་རྟེན་ཁྲིམས་སྲོལ་རབ་ཅིང་བརྟན།
གཅེས་པའི་ངག།  འཁྲེང་བའི་སེམས།
འཇམ་པོའི་ངག།  མཛེས་པའི་སྤྱོད་པ།
བྱམས་པའི་མིག་སོགས་རྟག་བརྟན་གྱི་གོ་ཆ་ཚང།

སེམས་རྒྱུ་ལེགས་པའི་སྐྱེད་ལྡན་ཚོ།
ཁྱེད་ཚོ་གཞན་པའི་འཇིག་རྟེན་ལ་སྐྱུག་བྲོ་ན།
ངའི་རྣམ་ཤེས་དྲང་བའི་འཇིག་རྟེན་འདི་རུ་ཕེབས།
གནས་འདི་ན།
ཁྱེད་ཚོ་མི་གཤོང་བའི་སེམས་ཁྲལ་མེད་ལ།
བག་ཡངས་ཀྱི་འཚོ་བ་སྐྱིད།  སྣང་བ་སྤྲོ།
མི་ཚེའི་དོན་སྙིང་བཟང།  རྟག་ཅིང་གནས།
འདི་རུ་ཕེབས་དང།
གླིང་འདི་ཡི་དམན་ཆུང་ན་ཟླ་ཚོ།
གནས་འདི་ན།
ལྷག་བསམ་གྱི་མེ་ཏོག་རྐྱང་རྐྱང་བཞད་སྲིད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདི་རུ་ཕེབས།

2014-01-02 ཚེ་རིང་བཀྲ་ཤིས།༼ས་སྐྱ༽ ཀློག་གྲངས། མཆན ཡོད།
 གླིང་འདི་ཡི་སྐྱེ་ཁམས་མཚར་བའི་དམན་ཆུང་ཚོ།
ཁྱེད་ཚོ་གང་ཡང་མ་འགྲོ།  འདི་རུ་ཕེབས།
ངའི་དྭངས་གཙང་གི་འཇིག་རྟེན།
གནས་འདི་ན།
མི་ཡུལ་གྱི་སྙིང་བཅུད་ཡོད་ལ།
རྡོ་རྗེའི་སྙིང་ཁ་ནམ་ཡང་སྲ་ཞིང་བརྟན།
ངའི་ཚེ་སྲོག་གི་བབ་རྒྱུན་ཁྱེད་ཚོ་དང་སྦྲེལ་ནས་ཡོད།

ངས་དགའ་བའི་སྙིང་ཁོང་མཛེས་ལྡན་ཚོ།
ཁྱེད་ཚོ་གནས་འདི་ལས་མ་འཕོས་པར་གནང།
ངའི་ཡིད་རྟོན་གྱི་འཇིག་རྟེན།
གནས་འདི་ན།
འཇིག་རྟེན་ཁྲིམས་སྲོལ་རབ་ཅིང་བརྟན།
གཅེས་པའི་ངག།  འཁྲེང་བའི་སེམས།
འཇམ་པོའི་ངག།  མཛེས་པའི་སྤྱོད་པ།
བྱམས་པའི་མིག་སོགས་རྟག་བརྟན་གྱི་གོ་ཆ་ཚང།

སེམས་རྒྱུ་ལེགས་པའི་སྐྱེད་ལྡན་ཚོ།
ཁྱེད་ཚོ་གཞན་པའི་འཇིག་རྟེན་ལ་སྐྱུག་བྲོ་ན།
ངའི་རྣམ་ཤེས་དྲང་བའི་འཇིག་རྟེན་འདི་རུ་ཕེབས།
གནས་འདི་ན།
ཁྱེད་ཚོ་མི་གཤོང་བའི་སེམས་ཁྲལ་མེད་ལ།
བག་ཡངས་ཀྱི་འཚོ་བ་སྐྱིད།  སྣང་བ་སྤྲོ།
མི་ཚེའི་དོན་སྙིང་བཟང།  རྟག་ཅིང་གནས།
འདི་རུ་ཕེབས་དང།
གླིང་འདི་ཡི་དམན་ཆུང་ན་ཟླ་ཚོ།
གནས་འདི་ན།
ལྷག་བསམ་གྱི་མེ་ཏོག་རྐྱང་རྐྱང་བཞད་སྲིད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།