ཚེ་ཐར།

རྨེ་རུ་ཕག་མོ་ཚེ་བརྟན།༼ཉི་ཧོང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-30

 

           ༡
འབྲི་རྒྱ་ཐོས།
འཛིངས་ཤིང་སྦོམ་པའི་རྔ་མ་འཕྲེད་དུ་གཡུག་བཞིན
ལྷོད་ལྷོད་ཀྱིས  དལ་དལ་སྒོས
མངར་ཞིང་ཞིམ་པའི་རྩྭའི་རོ་བཅུད་ལ་རོལ་བཞིན་འདུག
གོ་ཐོས་སུ
ཁོ་མོར
བཙོང་ན་རིན་མི་ལེན་ཞིང
ཤི་ན་ཤ་མི་ཟ་བའི་ཁྱད་མཐོའི་གོ་གནས་ཤིག་བསྩལ་བྱུང་ཟེར།
འཛུམ་ཤ་ལྷོད་པའི་ཕྱུགས་བདག་གིས།
ཟེར་སྒྲོས་ལ།
དེ་ནི་དུད་འགྲོའི་ཚོགས་སྙེག་བཞིན་པའི་“གསེར་འོད་ཀྱི་ལམ་ཆེན་”རེད་ཟེར།
དེ་ནི་དུད་འགྲོའི་ཚོགས་ཀྱི་“ཐར་བའི་གོ་འཕང་”རེད་ཟེར།
            ༢
དགེ་རྒན་ལགས་ཀྱིས།
ན་ནིང་། རྔ་བའི་“བྱང་ཆུབ་སེམས་དཔའ་”ཞིག་གིས
ཉ་མོ་ཁྲི་སྟོང་མང་བོ་རྒྱ་མཚོའི་ཀློང་ཡངས་སུ་འཕངས་སོང་ཟེར།
གཞི་ཆེ་ལ་གཏིང་ཟབ་པའི་འཁོར་སྒམ་ནས་དྲངས་ཏེ།
ད་དུང་།
མོའོ་ཙེ་ཏུང་གི་མགོ་བརྙན་དམར་པོ་དེ་དག
མཐེབ་མཛུབ་དང་གོང་མཛུབ་བར་ནས་ནང་འགུག་བྱེད་ཞོར།
གོ་ཐོས་སུ།
དེ་ནི་ཚེ་ཐར་རེད་ཟེར།
           ༣
འབྲི་རྒྱ་ཐོ
མར་ཁུ་སྤང་གི་ལྟེབས་གཉེར་ཁུགས་ན
སོས་དལ་སྒོས       བག་ཡངས་ཀྱིས
ལོངས་སྤྱོད་ལ་རྔམ་གྱིན་འདུག
རྒྱ་མཚོའི་དབྱིངས་སུ་འཐིམས་པའི་ཉ་མོ་དག
ལྡེམ་མྱུར་གྱི་འཁྱུག་རྩལ་ཤུགས་ཀྱིས་ངོམ་བཞིན
བྲེལ་སྟབས་དང་དངངས་སྐྲག་གིས་འབྲོ་བཞིན་འདུག
ཕྲ་ལ་མཉེན་པའི་ལྕགས་ཀྱུ་ཕྲ་མོའི་གཡོ་ཟོལ་ལ་འཇིགས་ནས།
བཤད་རྒྱུན་ལ།
འདི་གཉིས་ཀ་ཚེ་ཐར་རེད་ཟེར།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་ཐར།

2013-12-30 རྨེ་རུ་ཕག་མོ་ཚེ་བརྟན།༼ཉི་ཧོང༽ ཀློག་གྲངས། མཆན ཡོད།

 

           ༡
འབྲི་རྒྱ་ཐོས།
འཛིངས་ཤིང་སྦོམ་པའི་རྔ་མ་འཕྲེད་དུ་གཡུག་བཞིན
ལྷོད་ལྷོད་ཀྱིས  དལ་དལ་སྒོས
མངར་ཞིང་ཞིམ་པའི་རྩྭའི་རོ་བཅུད་ལ་རོལ་བཞིན་འདུག
གོ་ཐོས་སུ
ཁོ་མོར
བཙོང་ན་རིན་མི་ལེན་ཞིང
ཤི་ན་ཤ་མི་ཟ་བའི་ཁྱད་མཐོའི་གོ་གནས་ཤིག་བསྩལ་བྱུང་ཟེར།
འཛུམ་ཤ་ལྷོད་པའི་ཕྱུགས་བདག་གིས།
ཟེར་སྒྲོས་ལ།
དེ་ནི་དུད་འགྲོའི་ཚོགས་སྙེག་བཞིན་པའི་“གསེར་འོད་ཀྱི་ལམ་ཆེན་”རེད་ཟེར།
དེ་ནི་དུད་འགྲོའི་ཚོགས་ཀྱི་“ཐར་བའི་གོ་འཕང་”རེད་ཟེར།
            ༢
དགེ་རྒན་ལགས་ཀྱིས།
ན་ནིང་། རྔ་བའི་“བྱང་ཆུབ་སེམས་དཔའ་”ཞིག་གིས
ཉ་མོ་ཁྲི་སྟོང་མང་བོ་རྒྱ་མཚོའི་ཀློང་ཡངས་སུ་འཕངས་སོང་ཟེར།
གཞི་ཆེ་ལ་གཏིང་ཟབ་པའི་འཁོར་སྒམ་ནས་དྲངས་ཏེ།
ད་དུང་།
མོའོ་ཙེ་ཏུང་གི་མགོ་བརྙན་དམར་པོ་དེ་དག
མཐེབ་མཛུབ་དང་གོང་མཛུབ་བར་ནས་ནང་འགུག་བྱེད་ཞོར།
གོ་ཐོས་སུ།
དེ་ནི་ཚེ་ཐར་རེད་ཟེར།
           ༣
འབྲི་རྒྱ་ཐོ
མར་ཁུ་སྤང་གི་ལྟེབས་གཉེར་ཁུགས་ན
སོས་དལ་སྒོས       བག་ཡངས་ཀྱིས
ལོངས་སྤྱོད་ལ་རྔམ་གྱིན་འདུག
རྒྱ་མཚོའི་དབྱིངས་སུ་འཐིམས་པའི་ཉ་མོ་དག
ལྡེམ་མྱུར་གྱི་འཁྱུག་རྩལ་ཤུགས་ཀྱིས་ངོམ་བཞིན
བྲེལ་སྟབས་དང་དངངས་སྐྲག་གིས་འབྲོ་བཞིན་འདུག
ཕྲ་ལ་མཉེན་པའི་ལྕགས་ཀྱུ་ཕྲ་མོའི་གཡོ་ཟོལ་ལ་འཇིགས་ནས།
བཤད་རྒྱུན་ལ།
འདི་གཉིས་ཀ་ཚེ་ཐར་རེད་ཟེར།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།