གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྱོན་པ་སྨྱོས་ཟིན་པའི་ལོ་ཟླའི་ནང་།༼ཞར་བཀོད་གཅིག་ཡོད༽

2013-12-09 14:12:00 འབའ་ཚེ་སྨྱོན།༼ཆབ་མདོ༽ ཀློག་གྲངས། མཆན ཡོད།

 

སྨྱོན་པ་སྨྱོས་ཟིན་པའི་གཟུགས་འདས་ཀྱི་ལོ་ཟླའི་ནང་།
མི་ཤ་ཟ་བཞིན་པའི་ཀི་རིང་ཐེངས་ཤིག
སྨྱུག་གུ་གང་གི་སྨྲ་སྒོ་ལས་ཆུ་མོ་ལྟར་བཞུར་རྗེས།
མིག་ཟུང་གང་དེའི་ཁ་མདོག་ཀྱང་གང་དུ་ཡོད།

སྨྱོན་པ་སྨྱོས་ཟིན་པའི་ཁ་སང་དང་དེ་རིང་གི་དཀྱོག་མཚམས་ན།
དུས་ཚོད་ཀྱི་རྒྱུ་བ་གང་གིས་འཛུམ་འཛུམ་གྱི་ཞལ་རས་ལས།
དངངས་སྐྲག་གི་བརྡ་ཆད་ཅིག་གཡས་གཡོན་གྱི་རྐང་ལམ་དང་གཞུང་ལམ་ན་རྒྱུ།
མི་ཤ་ཟ་བཞིན་པའི་ཀི་རིང་ཐེངས་ཤིག་ཡང་བསྐྱར་རྒྱུ།

ཟིན་བྲིས་ཀྱི་བར་གསེང་ན་གསང་བ་གང་དེའི་སྒོ་མོ།
ཁ་རོག་གེར་ཕྱེ་བའི་མིག་ཟུང་གང་དེའི་ཁ་མདོག
སྨྱོན་པའི་སེམས་ཞབས་ནས་མཐོང་དུས།
མི་ཤ་ཟ་བཞིན་པའི་ཀི་རིང་ཐེངས་ཤིག་ཡང་བསྐྱར་རྒྱུ།
༢༠༡༣ ༡༠ ༡༠

        རྐང་སྣམ་གྱོན་པའི་སྤྲིན་པ།

འཇའ་ཚོན་གྱིས་ཁེངས་པའི་སྐར་ཁུང་།
ཉི་མ། འཛུམ་འཛུམ་གྱིས།
རྒྱུག་གིན་པའི་གཅིན་པར་ཧུབ་ཅིག་གིས།
རྣང་མའི་ཁྱོད་ལ་སྦི་རག་གིས་འོ་ཞིག་ཤུགས་ཀྱིས་བྱིན་སོང་།
ཁོ་རེ། ང་ནི་རྐང་སྣམ་གྱོན་པའི་སྤྲིན་པ་དེ་ཡིན།

སྲོལ་རྒྱུན་དང་དེང་རབས་ཀྱི་སྒྱུ་མའི་བར་ན།
བརྗིད་བརྗིད་ཀྱིས་བཞེངས་པའི་སྐུ་བརྙན་སྲབ་པོ།
སའི་གོ་ལའི་སྐོར་ཚད་གཅིག་གིས།
བར་སྣང་དུ་བདུད་རྩིའི་འོ་ཞིག་ལྷུང་སོང་།
ཁོ་རེ། ང་ནི་རྐང་སྣམ་གྱོན་པའི་སྤྲིན་པ་དེ་ཡིན།

གནའ་དེང་གི་རླངས་འཁོར་ལ་བསྡད་དེ།
འགྲུལ་བཞུད་ཀྱི་ཆུ་མོར། རང་ལུས་འབུལ་དུས།
སྐར་མའི་མིག་ཆུ་ཞིག་ངོ་གནོང་གིས།
གང་སར་བྲོས། སེམས་པ་གཉིས་ཀྱི་སྒོ་མོའང་གང་སར་བྲོས།
ཁོ་རེ། ང་ནི་རྐང་སྣམ་གྱོན་པའི་སྤྲིན་པ་དེ་ཡིན།
     ༢༠༡༣ ༦ ༧ མཚན་མོར་སྨྱོན་པས་ལྷོ་རོང་དུ།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།