རྒྱ་ཕིབས།1 (ཞར་བཀོད་གཉིས་ཡོད)

མདའ་ཚན་པ་བླ་མ་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-01-07

  གནམ་རྒན་མར་དུས་རྟག་ཅི་ཞིག་གི་ཕྱིར་ཁབ་གཙགས་བྱེད་བཞིན་པའི་ཡེ་ཤེས་ལྷ་ཁང་ཞིག་གི་རྒྱ་ཕིབས་དེ་མཐོང་བ་དང་། རྩྭ་ཆུ་བཟང་བའི་འབྲོག་སར་ཆགས་པའི་དགོན་པ་དེའི་རི་དྭགས་ཕོ་མོ་གཉིས་སེམས་ལ་སེར་ཆེམ་མེར་ཤར་སོང་། ཁ་ན་རྩྭ་ཆུས་དབེན་ཞིང་རྣ་ཟུང་ཀྲོང་ངེར་འཇིག་རྟེན་མཐུན་འཇུག་སྤངས་ནས་འགྲོ་བ་མིའི་ཕུགས་བསམ་ཞིག་སྲུང་བཞིན། སྣོད་བཅུད་དང་མི་ཚེར་འགྲེལ་བཤད་རྒྱག་བྱེད་དེ་མིས་སྐྲུན་པའི་ཆོས་ལུགས། ལུས་སེམས་ངལ་རྩོལ་གྱི་ལས་འབྲས། སྐྲུན་པའི་ཆོས་ཀྱིས་སྐྲུན་མཁན་ལ་དབང་བསྒྱུར་བའི་བཞད་གད་དང་སྐྱོ་གདུང་འདྲེས་མའི་ཟློས་གར།

  རང་ལ་མི་དབང་ཡང་དབང་བར་འཁྲུལ་བའི་ཟླ་མོ་དང་ཁྱོ་ཀ། ལང་ཚོའི་མེ་ཏོག། ཤོག་ལྷེ་དང་སྨྱུ་གུ། ཡིན་མིན་མི་ཤེས་པར་ཁ་ནས་འཆོར་གྱིན་པའི་ཚིག་ཕྲེང་འདི་དག།

  བང་རྒྱུག་བྱེད་བཞིན་པའི་བསམ་བློའི་རྟ་རྒོད། ཤེས་རིག་ཅིག་གི་ལོ་རྒྱུས་དང་འཕག་འཚག དབུགས་ལྷེམ་ལྷེམ་ལེན་བཞིན་པའི་འཇིག་རྟེན་འདི།2 ཡོད་མེད་མི་ཤེས་པའི་རང་དང་གཞན། འཆི་བ་དང་འཇིག་པ་ལ་འགོག་རྒོལ་བྱེད་ཆེད་དམ། རང་སེམས་གསོ་བྱེད་དམ། རང་མགོ་སྐོར་བྱེད་ཀྱི་ཐོག་མ་མེད་པའི་རྣམ་ཤེས་དང་སྐྱེ་འཆི་འཁོར་བའི་ལྟ་གྲུབ།

  ཉལ་ཐའི་དུག་འབྲས་ལྟར་ཤ་ཁྲག་ལ་རོལ་འདོད་ཀྱི་འགོག་ཐུབ་དང་འགོག་ཐབས་མེད་པའི་དང་བ་སྟེ་ཤ་རྡ།3  མཐོང་རེག་མེད་པའི་དུས་ཚོད་ཟེར་བ་དེ་ལྡོད་མཁན་གྱི་གཟུགས་ལྡན་སྒོར་མོ། ངལ་རྩོལ། སྙིང་རླུང་། འཁོན་འགྲས་དང་བརྩེ་སེམས།

  ནམ་ཡང་བཙལ་ནའང་ནམ་ཡང་མི་རྙེད་པའི་མི་ཚེའི་འདུན་པ། མི་ཚེའི་འཐབ་རྩོད་དང་འདུ་འགོད་ཁྲོལ་བོར་བའི། ད་དུང་རང་གིས་མ་རྨིས་ལ་གཞན་གྱི་རྨིས་ཟིན་པའམ་རྨི་བཞིན་པའི་རྨི་ལམ་ཀྱི་ཚོགས།

  སྒྱུ་རྩལ་དང་བསམ་བློ་ལ་དུང་བའི་སེམས་པ། སྤྱན་རེས་གཟིགས་ཀྱི་སྤྱན་རེ་རེ་ནས་ལྷུང་བའི་སྤྱན་ཆབ་སྟེ་སྙན་ངག་གི་ཟིལ་བ་རེ་རེ། ཤར་མར་དུས་མཉམ་གཅིག་ཏུ་ལྷུང་ན་འབབ་ཞོད་ཆེ་བའི་རྒྱ་གར་ཆར་དུས་ཀྱི་ཉིན་མཚན། འདི་ལྟར་དོ་མི་མཉམ་ལ་འགལ་ཟླས་གཏམས་པའི་བསམ་བློའི་བཞུར་རྒྱུན། ཚོར་བ་དང་བསམ་པ་སྨྱུག་ལམ་བརྒྱུད་དེ་ཕྱིར་དྲངས་པས། བརྒྱུད་ལམ་ཞིག་ལ་བརྟེན་པས་ཡིན་ནམ་ཅི་ཤེས། བཞུར་མི་ཐུབ་པ་ཞིག་དང་གཞན་གྱིས་སླད་ཞུགས་པའི། དྭངས་མ་མ་ཡིན་པའི་ཚོར་བ་ཞིག
                                                          ༢༠༠༦ཟླ༡༡ཚེས༡ལ།

1  རུལ་མ་ཅིག་གིས་མནར་མནར་ར། གཡག་སྐྱ་ཅིག་གིས་དེད་དེད་ལ་ཞེས་པའི་དཔེ་ལྟར་རང་གི་སྨྲ་བའི་རྩལ་གྱིས་མ་ནུས་པ་ཡིན་ལས་ཆེ། གང་ལྟར་ཡང་དེ་རིང་ཤར་ནུབ་ཀྱི་ཤེར་རྟོགས་རིག་པའི་འདང་རྒྱག་ཅིག་གི་ནང་ལྷུང་ནས། ལན་སྒྲིན་གྱི་སྲང་ལམ་ག་གེ་མོ་ཞིག་ཏུ་སྤྱི་སྤྱོད་རླངས་འཁོར་ཞིག་ལ་སྒུག་སྡོད་སྐབས། མིག་གི་ལྟ་ཕྱོགས་ཞིག་གིས་ཡེ་ཤེས་ལྷ་ཁང་ཞིག་གི་རྒྱ་ཕིབས་རྩེ་རྣོ་དེ་ཐམས་ཅད་བཏུམས་བྱེད་ཀྱི་ནམ་མཁའ་སྔོན་པོར་གཏད་ཡོད་པ་མཐོང་པས། དེའི་ཞོར་ལ་རང་སེམས་སུ་ལྟ་ཚོར་འདི་འདྲ་ཁ་ཤས་བྱུང་། ནང་ལ་སླེབས་དུས་ཅི་དྲན་གང་མགྱོགས་ཀྱིས་མར་བྲིས་པ་ཡིན། 
2 དབྱིན་ཇིའི་སྙན་ངག་མཁན་པོ་དང་འཁྲབ་གཞུང་པ་གྲགས་ཆེན་བིས་ལེམ་ཞེ་ཁི་སི་ཕྷེར་གྱི་ལོ་རྒྱུས་འཁྲབ་གཞུང་༼ རས་ཆར་སྒྲི་སྐུ་ཕྲེང་གསུམ་པ་༽ཞེས་པའི་འཁྲབ་ཚན་༡པོའི་ཚན་ཁག་༡པོའི་ཐིག་ཕྲེང་༢༡པ་ལས་བླངས། དབུགས་འབྱིན་གྱིན་པའི་འཇིག་རྟེན་འདི་ཞེས་བསྒྱུར་ཀྱང་ཆོག་སྙམ།
ང་རང་གི་འབྲོག་པའི་ཕ་སྐད་དུ་ཤ་ཁྲག་ལ་རྔམ་པའི་དོན།

              གླུ་མ་རྨས་མ།

  དྲི་ཟའི་ལྷ་ཚོགས་ཀྱི་ཕོ་མི་རྒྱགས་ལ་ཁོང་ཁྲོ་སློང་བྱེད་ཀྱི་ཟས་མཆོད། ལྟེ་ཁྲག་འཕོས་པ་ནས་བསང་མཆོད་དང་གསུར་མཆོད་ཀྱི་ཁྱད་པར་ལས་བཙུར་ཡོང་བའི་དབྱེ་འབྱེད། ཕྱོགས་ལྷུང། དམའ་འབེབས་ཀྱི་ཀློང་དུ་གཡུག་པའི་བུ་མོ་ང་། བྲིན་ཆེ་ལ་བཀོལ་ཆེ་བའི་ལོ་རྒྱུས་ཅན་གྱི་ཚོང་ཟོག ཚེ་སྲོག་དང་འཚོ་ཐབས་ཀུན། ཁྲག་འཛར་གྱིན་པའི་མཆུ་སྒྲོས་ཀྱི་ཚོགས་ཏེ་མདུང་ཐོགས་ཁྱོད་ཚོའི་གཟན་དུ་གྱུར་ཡོད། ང་། ཇ་མ་ཁོལ་ན་ཁྲག་ཁྲལ་འཕོག་པའི་ཁྱིམ་གཡོག་མ།
  མའི་རིན་ཐང་འཕྲོག་པས་ཁྱོད་ཚོའི་བཤད་ཚད་ལ་ཡ་ལན་སྤྲོད་དགོས། ཁ་ཡོད་ཀྱང་བཤད་དབང་མེད། བརྗོད་བྱ། རྗོད་བྱེད། ཐ་སྙད་ཀྱིས་བཞེངས་བའི་འཇིག་རྟེན་ཁྱོད་ཚོས་བསྐྲུན། དེའི་ནང་དུ་སྤྱུགས་པའི་བཙོན་མ་ང་། ཁྱོད་ཚོའི་ཐ་སྙད་ཀྱིས་གཅུན་གྱིན་གཅུན་གྱིན་པའི། ལྕང་ལོས་གཡོག་པའི་ཐོད་སྐོགས་དང་མནོ་བསམ།
  ཁྱོད་ཚོའི་འཇིགས་སྣང་། སྟོང་བསམ། རྨི་ལམ་དང་འདོད་ཆགས་ཁྲོད་ཀྱི་གནམ་རྒན་མ། སྒྲོལ་མ། དབྱངས་ཅན་མ། ནུ་རྒྱས་སྐེད་མེད་མ།
  ཐོག་མ་ནས་བྱ་བའི་ཡུལ་དང་བྱ་ཐབས་ལ་བསྒྱུར་ཟིན་པས། བྱེད་མཁན། རྩོམ་མཁན། སྐྲུན་མཁན་གྱི་ཐོབ་ཐང་ཤོར་བའི་ལས་མེད་མ། ཐོས་བསམ་སྒོམ་དང་། འཆད་རྩོད་རྩོམ་གྱི་ཤ་སྐལ་ཆད་པའི་འབྲོག་རྒན་མ།
  སྒོམ་གྱི་བདེ་བ་དང་། ཐར་ལམ་གྱི་བར་ཆད་ཆེན་མོ་སྟེ་བདུད་མོ། དེ་མིན་ན། ཐར་བ་ཐོབ་བྱེད་ཀྱི་ལག་ཆ་ཁོ་ན་སྟེ་རྒྱལ་ཡུམ། མཁའ་འགྲོ་མ། རིག་མ། ཡི་དམ་མ།
ཡིད་ཆེས་དང་དུང་སེམས་རྐང་རྫིས་བྱེད་ཀྱིན་པའི་ཕོ་རྒོད་ཁྱོད་ཚོ། ཆགས་སྲིད་ཀྱི་བྲན་དུ་གྱུར་ལ་ཆེ་རློམས་དང་། རང་འདོད་ཀྱིས་འགྲངས་པའི་སྟག་ཤར་ཁྱོད་ཚོ། མར་གྱུར་སེམས་ཅན་ཐམས་ཅད་ཁ་ཏོན་བྱེད་ཀྱང་མ་ལ་བརྩི་མཐོང་མེད་པའི་ཚུལ་འཆོས་ཁྱོད་ཚོ། བསམ་བློ་དང་གནས་ལུགས་གསར་རྙིང་བརྗོད་མཁན་ནམ། ལོ་རྒྱུས་དང་སྤྱི་ཚོགས་ལ་འགྲེལ་གསར་རྒྱགས་མཁན་གྱི་གཏེར་སྟོན་མ་ང་། ད་ལྟ་ད་དུང་། ཁྱོད་ཚོས་བརྗོད་མི་ཐུབ་ལ་དོན་མི་གོ་པའི་ངག་གི་འཆིང་རྒྱ་གྲོལ་པའི་གླུ་མ་ཞིག
  ཚོར་བ། ཉམས་མྱོང་། བསམ་བློ་དང་ཕུགས་འདུན་ཐ་དད་འདི་དག་རྗོད་བྱེད་དམ་ལག་བསྟར་བྱེད་ཆེད་ཐ་སྙད། སྡེབ་སྦྱོར། རྟགས་འཇུག་སོགས་ཐབས་གསར་འཚོལ་གྱིན་པའི་མཛངས་མ། ཉམས་ལེན་མ། ཀླད་རྒྱ་གཏོར་བའི་འགན་འཁྲི་ཅན་ཏེ་གངས་ཅན་མ།

            སྙིང་།

སེམས་ཟེར་བ་དེ་ཁྱེད་ལ་འཕྲད་དུས་སྙིང་ཞིག་རེད་འདུག
སྙིང་དེ་ཁྱེད་ཀྱི་སྙིམ་པར་ལྷུང་དུས

ཁྲག་འཇིབ་ཀྱིན་གཏོར་གྱིན
དབུགས་རྔུབ་བཞིན་གཏོང་བཞིན
ལྷུང་དུས

སྙིམ་པ་དེ་ལྷ་ཁང་ཞིག
སྙིང་དེ་དད་རྟེན་ཞིག

མཉེན་ལྕུག་གི་མཛུབ་མོས
འཇམ་མཉེན་གྱི་ཤ་རྡོག་དེར་བྱིལ་བྱིལ་བྱས་དུས
སྨྲ་བསམ་བརྗོད་འདས་ཀྱི་བདེ་ཟུག་ཟབ་མོ་ཞིག

སྲིན་མཛུབ་ཀྱི་མཛུབ་དཀྲིས་དེས་རེག་པ་ན
དུངས་བ་ཞིག ན་ཟུག་ཞིག ཤེས་བ་ཞིག
ད་དུང་ཡང འདི་དག་ཐིམ་སའི་སྨྲ་བསམ་བརྗོད་འདས་ཞིག

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱ་ཕིབས།1 (ཞར་བཀོད་གཉིས་ཡོད)

2015-01-07 མདའ་ཚན་པ་བླ་མ་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།