བར་སྣང་གི་གླུ།

ངས་ས་དང་རྡོ་ཡི་གསེབ་ན་འབུས་པའི་རུས་པ་དག་མཐོང་སྟེ
རང་གི་མི་ཚེ་ལ་སྐྱེལ་མ་བྱས་པའི་འཛིན་ཡིག་དེ་ནམ་མཁའི་རྩིག་གྱང་གི་ངོས་སུ་ཡང་ཡང་སྦྱོར་དགོས་བྱུང
ཟོག་རྫུ་ཡི་དུས་རབས་ཀྱི་བར་ན་འབྲོ་བཞིན་པའི་མི་ཚོགས་ལ་བལྟས་དེ
ལག་པའི་ཁྲག་རྩ་གཅོད་ཐུབ་མི་འདུག
མི་སྡིག་པའི་ངོ་གདོང་དག་ལས་མགོ་བོ་འཁོར་མྱོང་སའི་གནས་དག་དྲན་དེ་འགྱོད་པ་སྐྱེས
ངས་རང་གི་ཁྲག་རྩ་བཅད་ཟིན འཁྱག་དར་གྱི་ལྡོག་གཟུགས་ལས་གཟུགས་ཡོད་པའི་གཤེར་ཁུ་འཁྱེར་འོང་སྟེ
རྣ་བར་བླུགས་ན་མི་འདོད་ལ་རྙིང་བའི་ཕ་བོང་ལྗིད་པོ་ཁྲག་གི་མེ་ལོང་ལ་འཕྲད་དུ་འཇུག་མི་འདོད་པར
བར་སྣང་གི་གླུ་སྒྲ་ལས་ལྷགས་རླུང་དང་སྤུ་གྲི་བཙལ
གླུ་སྒྲས་བདས་དེ་ས་གཞིའི་གསེབ་ནས་ཕྱིར་ལ་འབུད་སྐབས་ལྷགས་རླུང་དང་སྤུ་གྲི་ལ་འཕྲད
སྐྱི་ལྤགས་སྲབ་མོ་ལས་རྒྱང་རིང་ནས་ཚུར་མཆེད་པའི་སྒྲ་དེ་ཐོས་འོང
གསང་བའི་སྒྲ་དེ་ཐོས་འོང སྤུ་གྲིའི་གསེབ་ཀྱི་རྣམ་ཤེས་ཀྱི་དཀྲོལ་བའི་སྒྲ་དེ་ཐོས་འོང
དོ་ནུབ མི་སུ་ལའང་མགོ་བོ་མི་འདུག
རྒས་པའི་དུས་ཚོད་ཀྱི་འབོལ་གདན་སྟེང་དུ
ཅ་ལག་ཁུག་མའི་ནང་ལག་པ་བཞག་སྟེ་ཡུན་རིང་བསྡད་རྗེས
ཁང་ཁྱིམ་གྱི་གཡང་གཟར་ལས
ཁྲག་གི་མེ་ཏོག་ཅིག་གིས་མཁའ་དབུགས་ཟ་ཀྱིན་པ་ཐོས
བར་སྟོང་གི་གཉེར་རིས་སུ་སྡོད་པའི་ཆུ་ཐིགས་ཀྱི་ཕོ་བྲང་ལས
རང་དང་འདྲ་བའི་མི་གཞན་ཞིག་འོང་བས
མཚན་སྨག་གི་ལྷིང་འཇགས་བཏུ་ཐུབ་བྲལ
ཕ་རོལ་གཞན་ཞིག་ན
གཟུགས་མེད་ཀྱི་སྐྱེད་ཚལ་ལས་རང་ཉིད་ཀྱི་འདྲ་པར་འགའ་སྐྱེ་གིན་འདུག་པས
ལུས་དྲོད་མེད་པའི་ཁོར་ཡུག་ནས་རང་ཉིད་དྲན་པ་ཙམ

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་སྣང་གི་གླུ།

2015-02-09 རླུང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།