ཁེར་རྐྱང་།༼ ཞར་བཀོད་གཉིས་ཡོད ༽


སྟོང་བར་ལུས་པའི་མེ་ལོང་ནག་པོ་རུ
ཚད་མེད་པར་བབས་པའི་ཆར་ཆུའི་གཤོག་པ
མི་ཚོགས་ཀྱི་ངོ་གདོང་ལས་ང་ཡི་སྙིང་ཁར་འཐོར
རྨི་ལམ་དང་ཀུ་ཅོའི་ཐིགས་པ་རེ་རེ
མཛེས་སྡུག་དང་འདུ་འཛིའི་ཡོལ་བར་ཐིག་ཐིག་འཛག
མི་ཚེའི་མུན་ནག་གི་གཞི་རུ་བབས་པའི
འཕྲུལ་འཁོར་གྱི་ཆོམ་སྒྲ་ལྟ་བུའི ཁྱོད་ཀྱི་གློ་སྙིང་བཞིན་གྱི
ཁྲོག་ཁྲོག་འགུལ་བའི་གཟུགས་དང་གཟུགས་མེད་པ་མང་བོས
ང་ཁོ་ནའི་ཕྱོགས་སུ་ངུ་རྒྱངས་བྱེད
       ༢༠༡༤ ༠༣ ༡༣ཉིན་གཙོད་གྲོང་ནས།

            མཚམས་མཚམས་སུ།

མཚམས་མཚམས་སུ
ནམ་མཁའ་འདི་སྤར་མོ་གང་དུ་འདོད་འོང་སྟེ
ཉི་འོད་ཀྱང་སོར་མོའི་ཕག་ཏུ་ཡལ་འགྲོ་བར་སྣང

མཚམས་མཚམས་སུ
རང་ཉིད་ནི་ལྕགས་ཀྱུ་སྙི་མོ་ཞིག་དུ་འཁྲུལ་འགྲོ་སྟེ
སུ་ཡི་མཚོ་རླབས་དཀྲུགས་པར་མི་ནུས་ཤིང
ཁྱོད་ཀྱི་གསེར་ཉ་ཡང་འཛིན་པར་མི་ཕོད

མཚམས་མཚམས་སུ
དུས་ཚོད་ཀྱི་ཨོང་བ་མེ་རུ་འབུད་ཞོར
དུད་ཞགས་སྔོ་ནག་ཅིག་རང་གི་བྲང་ཁར་བདུག

མཚམས་མཚམས་སུ
ནང་སེམས་ནི་ཆུ་ཚན་དེམ་གང་དུ་འཁྲུལ་འགྲོ་སྟེ
སྐབས་ཤིག་ལྷོག་ལྷོག་གདུས་རྗེས་སླར་ཡང་འཁྱགས་པར་གྱུར
               ༢༠༡༤ ༠༤ ༠༨ཉིན།

            རྨི་ལམ།

ཤུགས་ཆེན་པོས་འབར་བའི་མེ་ལྕེ་གཟིམ་ཤུལ་དུ
སྔས་སུ་བྱས་པའི་གཤོག་ཟུང་རྡུལ་དུ་གྲུབ
སྟོང་བའི་རི་མོ་སྣ་ཚོགས ལྷ་འདྲེ་གང་རུང་གི་གདོང་ནས་མངོན
ཉི་མའི་འོད་སྐུད་ཀྱིས་བཙེམ་དགོས་པའི་ལྷན་པ་དག
གཙང་བོའི་རླབས་རིས་ཀྱི་ཡལ་གར་སྨིན
      ༢༠༡༤ ༠༥ ༠༦ ཉིན། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་།༼ ཞར་བཀོད་གཉིས་ཡོད ༽

2015-03-04 སྨུག་པ།༼ རྨ་ཆུ༽ ཀློག་གྲངས། མཆན ཡོད།


སྟོང་བར་ལུས་པའི་མེ་ལོང་ནག་པོ་རུ
ཚད་མེད་པར་བབས་པའི་ཆར་ཆུའི་གཤོག་པ
མི་ཚོགས་ཀྱི་ངོ་གདོང་ལས་ང་ཡི་སྙིང་ཁར་འཐོར
རྨི་ལམ་དང་ཀུ་ཅོའི་ཐིགས་པ་རེ་རེ
མཛེས་སྡུག་དང་འདུ་འཛིའི་ཡོལ་བར་ཐིག་ཐིག་འཛག
མི་ཚེའི་མུན་ནག་གི་གཞི་རུ་བབས་པའི
འཕྲུལ་འཁོར་གྱི་ཆོམ་སྒྲ་ལྟ་བུའི ཁྱོད་ཀྱི་གློ་སྙིང་བཞིན་གྱི
ཁྲོག་ཁྲོག་འགུལ་བའི་གཟུགས་དང་གཟུགས་མེད་པ་མང་བོས
ང་ཁོ་ནའི་ཕྱོགས་སུ་ངུ་རྒྱངས་བྱེད
       ༢༠༡༤ ༠༣ ༡༣ཉིན་གཙོད་གྲོང་ནས།

            མཚམས་མཚམས་སུ།

མཚམས་མཚམས་སུ
ནམ་མཁའ་འདི་སྤར་མོ་གང་དུ་འདོད་འོང་སྟེ
ཉི་འོད་ཀྱང་སོར་མོའི་ཕག་ཏུ་ཡལ་འགྲོ་བར་སྣང

མཚམས་མཚམས་སུ
རང་ཉིད་ནི་ལྕགས་ཀྱུ་སྙི་མོ་ཞིག་དུ་འཁྲུལ་འགྲོ་སྟེ
སུ་ཡི་མཚོ་རླབས་དཀྲུགས་པར་མི་ནུས་ཤིང
ཁྱོད་ཀྱི་གསེར་ཉ་ཡང་འཛིན་པར་མི་ཕོད

མཚམས་མཚམས་སུ
དུས་ཚོད་ཀྱི་ཨོང་བ་མེ་རུ་འབུད་ཞོར
དུད་ཞགས་སྔོ་ནག་ཅིག་རང་གི་བྲང་ཁར་བདུག

མཚམས་མཚམས་སུ
ནང་སེམས་ནི་ཆུ་ཚན་དེམ་གང་དུ་འཁྲུལ་འགྲོ་སྟེ
སྐབས་ཤིག་ལྷོག་ལྷོག་གདུས་རྗེས་སླར་ཡང་འཁྱགས་པར་གྱུར
               ༢༠༡༤ ༠༤ ༠༨ཉིན།

            རྨི་ལམ།

ཤུགས་ཆེན་པོས་འབར་བའི་མེ་ལྕེ་གཟིམ་ཤུལ་དུ
སྔས་སུ་བྱས་པའི་གཤོག་ཟུང་རྡུལ་དུ་གྲུབ
སྟོང་བའི་རི་མོ་སྣ་ཚོགས ལྷ་འདྲེ་གང་རུང་གི་གདོང་ནས་མངོན
ཉི་མའི་འོད་སྐུད་ཀྱིས་བཙེམ་དགོས་པའི་ལྷན་པ་དག
གཙང་བོའི་རླབས་རིས་ཀྱི་ཡལ་གར་སྨིན
      ༢༠༡༤ ༠༥ ༠༦ ཉིན། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།