སྙན་ངག་ནི་ང་ལ་མེད་པས།


དཔྱིད་རླུང་རྩུབ་མོ་ཞིག
ང་ཡི་ཉེ་བོར་ཕེབས་ཤིང་ལག་པ་ང་ལ་སྲིང་དུས
སྐྲ་ཉག་རེ་རེའི་ཐ་སྙད་སྐྱོ་བོ་རེ་དྲུད་ཡོང
ཡིན་ནའང སྙན་ངག་ནི་ང་ལ་མེད་པས
ངས་ཕོ་ཡུགས་ཤིག་གི་མདུན་ས་རུ་སྐྱེལ་མ་བྱས

སྨག་མཐུག་པོའི་ལྭ་བ་གྱོན་ནས
རྨི་ལམ་གྱི་མེ་ལོང་ལ་གས་ཁ་ཤོར
ཤོག་བུའི་སྟེང་དུ་ས་ལམ་ཞིག་དོད་དུས
ཆ་ཡོད་པའི་ཐ་སྙད་འགའ་ཁྱེད་ཀྱི་པང་ནས་ལྷུང
ཡིན་ནའང སྙན་ངག་ནི་ང་ལ་མེད་པས
ངས་མཚན་སྨག་ལ་ལྐོག་ལྟ་བྱ་དགོས་བྱུང

སྙན་ངག་ནི་ང་ལ་མེད་པས
ངས་དངོས་ཡོད་ཀྱི་འཇིག་རྟེན་ལ་རྒྱན་ཆ་འདོགས་མི་ཤེས
རྒྱན་ཆ་འདོགས་མི་ཤེས་པས
ང་ཡི་གློ་སྙིང་མཆིན་གསུམ་སྡུག་བསྔལ་ཟེར་བ་དེས
སྡུག་བསྔལ་ཟེར་བ་དེས་ལྡག་གིན་ཡོད

རྐང་ལག་བཞི་བོ་གནམ་གྱི་མཐོངས་སུ་བཏགས་ནས
ས་གཞི་ལ་ཞིབ་ལྟ་ཐེངས་ཤིག་བྱས་ནའང
སྙན་ངག་ནི་ང་ལ་མེད་པས
ངས་རི་ཆུ་ནགས་གསུམ་གྱི་མཛེས་པ་མཐོང་མི་ཐུབ
འཁྲུལ་སྣང་སླ་ངའི་ནང་བཙོ་ངེས

སྙན་ངག་ནི་ང་ལ་མེད་པས
ཁྱེད་རང་ཤི་སོང་ཡང
ངས་རྒྱུས་ལོན་བྱ་མི་ཐུབ

      2015-3-22 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ནི་ང་ལ་མེད་པས།

2015-03-23 ཆར་ཐིགས།༼ གཙོས ༽ ཀློག་གྲངས། མཆན ཡོད།


དཔྱིད་རླུང་རྩུབ་མོ་ཞིག
ང་ཡི་ཉེ་བོར་ཕེབས་ཤིང་ལག་པ་ང་ལ་སྲིང་དུས
སྐྲ་ཉག་རེ་རེའི་ཐ་སྙད་སྐྱོ་བོ་རེ་དྲུད་ཡོང
ཡིན་ནའང སྙན་ངག་ནི་ང་ལ་མེད་པས
ངས་ཕོ་ཡུགས་ཤིག་གི་མདུན་ས་རུ་སྐྱེལ་མ་བྱས

སྨག་མཐུག་པོའི་ལྭ་བ་གྱོན་ནས
རྨི་ལམ་གྱི་མེ་ལོང་ལ་གས་ཁ་ཤོར
ཤོག་བུའི་སྟེང་དུ་ས་ལམ་ཞིག་དོད་དུས
ཆ་ཡོད་པའི་ཐ་སྙད་འགའ་ཁྱེད་ཀྱི་པང་ནས་ལྷུང
ཡིན་ནའང སྙན་ངག་ནི་ང་ལ་མེད་པས
ངས་མཚན་སྨག་ལ་ལྐོག་ལྟ་བྱ་དགོས་བྱུང

སྙན་ངག་ནི་ང་ལ་མེད་པས
ངས་དངོས་ཡོད་ཀྱི་འཇིག་རྟེན་ལ་རྒྱན་ཆ་འདོགས་མི་ཤེས
རྒྱན་ཆ་འདོགས་མི་ཤེས་པས
ང་ཡི་གློ་སྙིང་མཆིན་གསུམ་སྡུག་བསྔལ་ཟེར་བ་དེས
སྡུག་བསྔལ་ཟེར་བ་དེས་ལྡག་གིན་ཡོད

རྐང་ལག་བཞི་བོ་གནམ་གྱི་མཐོངས་སུ་བཏགས་ནས
ས་གཞི་ལ་ཞིབ་ལྟ་ཐེངས་ཤིག་བྱས་ནའང
སྙན་ངག་ནི་ང་ལ་མེད་པས
ངས་རི་ཆུ་ནགས་གསུམ་གྱི་མཛེས་པ་མཐོང་མི་ཐུབ
འཁྲུལ་སྣང་སླ་ངའི་ནང་བཙོ་ངེས

སྙན་ངག་ནི་ང་ལ་མེད་པས
ཁྱེད་རང་ཤི་སོང་ཡང
ངས་རྒྱུས་ལོན་བྱ་མི་ཐུབ

      2015-3-22 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།