མཛེས་མའི་བརླ་ཤ་བཞིན་བརྐྱངས་པའི་ཆབ་གཞུང་།

འཁྱམ་པོ།༼ ཟི་ལིང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-28


དུས་ཚིགས་དེར།
གཏན་ཚིགས་བཀོད་ཡོད་ལ།
དུས་ཆད་དེ་འགོར་འགྱངས་ཏུ་སོང་ཡོད།
རྒྱུས་ཡོད་ཀྱི་མི་རྐྱང་གདོང་ཁ།
རྒྱུས་མེད་ཀྱི་མོ་རྐྱང་ལུང་བ།
ཆེས་ཆ་རྒྱུས་ཡོད་པའི་མིང་བརྡ་དག
སུ་ཞིག་གི་མིག་གོང་ལ་བྲིས་ཡོད།
སྣང་བ་བན་བུན།
དྲན་པ་རབ་རིབ།
དོ་དགོང་སུ་ཞིག་ལ་ལེ་བདའ་བྱེད།

ལོ་ངོ་ལྔའི་རྐང་རྗེས་དེ།
ས་ཕྱོགས་གྲུ་བཞི་ནས་ཡོང་བའི་རླུང་བུ་དེའི་བསུབ་ཉེན་ཞིག
ཟམ་ཁའི་གཡས་གཡོན་ལ་བརྒྱངས་པའི་རྐང་བ་གཉིས།
མགྲོན་པོ་སུ་ཞིག་གི་དཀའ་ངལ་ལ་སེམས་ཁྲལ་བྱས།
རྫོགས་ཚིག མཇུག་བྱང་། སྡོམ་ཚིག
སྙིང་ལ་ཟུག་པའི་བྲེད་ཤ་དེ།
ཚེ་གཅིག་ལུས་གཅིག་ལ་བཞག་པ་མིན་ལ།
ལོ་ཟླ་དེ་དག་ལ་གསང་མྱུལ་བྱེད་སྟངས་ཤིག

རྩྭ་རྐང་རེ་རེ།
དབྱངས་རྟ་གྱ་གྱུ།
བློན་པོ་གསེར་ཆེན།
མེ་ཏོག་ལུང་བ།
བདེ་སྐྱིད་ཐང་ཆེན།
རྐང་ལམ་དང་སེམས་ངོ་གཞི་གཅིག་ཏུ་འདྲིལ།
ཁུ་སིམ་མེར།
ཞེ་ལྷོད་ལས།
ཟླ་བ་མེད་པའི་མུན་གོང་ནས།
གློག་ཞུ་སྦར་ཡོད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛེས་མའི་བརླ་ཤ་བཞིན་བརྐྱངས་པའི་ཆབ་གཞུང་།

2015-03-28 འཁྱམ་པོ།༼ ཟི་ལིང ༽ ཀློག་གྲངས། མཆན ཡོད།


དུས་ཚིགས་དེར།
གཏན་ཚིགས་བཀོད་ཡོད་ལ།
དུས་ཆད་དེ་འགོར་འགྱངས་ཏུ་སོང་ཡོད།
རྒྱུས་ཡོད་ཀྱི་མི་རྐྱང་གདོང་ཁ།
རྒྱུས་མེད་ཀྱི་མོ་རྐྱང་ལུང་བ།
ཆེས་ཆ་རྒྱུས་ཡོད་པའི་མིང་བརྡ་དག
སུ་ཞིག་གི་མིག་གོང་ལ་བྲིས་ཡོད།
སྣང་བ་བན་བུན།
དྲན་པ་རབ་རིབ།
དོ་དགོང་སུ་ཞིག་ལ་ལེ་བདའ་བྱེད།

ལོ་ངོ་ལྔའི་རྐང་རྗེས་དེ།
ས་ཕྱོགས་གྲུ་བཞི་ནས་ཡོང་བའི་རླུང་བུ་དེའི་བསུབ་ཉེན་ཞིག
ཟམ་ཁའི་གཡས་གཡོན་ལ་བརྒྱངས་པའི་རྐང་བ་གཉིས།
མགྲོན་པོ་སུ་ཞིག་གི་དཀའ་ངལ་ལ་སེམས་ཁྲལ་བྱས།
རྫོགས་ཚིག མཇུག་བྱང་། སྡོམ་ཚིག
སྙིང་ལ་ཟུག་པའི་བྲེད་ཤ་དེ།
ཚེ་གཅིག་ལུས་གཅིག་ལ་བཞག་པ་མིན་ལ།
ལོ་ཟླ་དེ་དག་ལ་གསང་མྱུལ་བྱེད་སྟངས་ཤིག

རྩྭ་རྐང་རེ་རེ།
དབྱངས་རྟ་གྱ་གྱུ།
བློན་པོ་གསེར་ཆེན།
མེ་ཏོག་ལུང་བ།
བདེ་སྐྱིད་ཐང་ཆེན།
རྐང་ལམ་དང་སེམས་ངོ་གཞི་གཅིག་ཏུ་འདྲིལ།
ཁུ་སིམ་མེར།
ཞེ་ལྷོད་ལས།
ཟླ་བ་མེད་པའི་མུན་གོང་ནས།
གློག་ཞུ་སྦར་ཡོད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།