ཨ་མ་འབྲུག་མཚོ།༼ ཞར་བཀོད་གཅིག་ཡོད ༽

ཨ་མ་འབྲུག་མཚོ ཞོགས་པའི་ཁ་བ་དེ་ང་ཚོ་ཡིན
འདབ་མ་ཆེ་བ་དེ་ང་དང་སྤུན་ཟླ་ཚོའི་ལག་རྡང་ཡིན
ཆུང་བ་དེ་ང་ཚོས་བརྒྱུད་པའི་ལམ་བུ་དང་བཏབ་པའི་མེ་ཏོག་ཡིན

མི་ལོ་འདི་དག་ཏུ ང་ཚོས་ཡང་སྙིང་ཅི་ཞིག་བྱས་སོང
དྲི་བ་འདི་སུ་ལའང་ཆ་རྒྱུས་མེད་སོང སུས་ཀྱང་ལན་འདེབས་ཐུབ་ས་མ་རེད

གང་ལྟར དེ་རིང་དག་གཙང་གི་སྨོན་འདུན་ཞིག་ཁྱེར་ནས་མཉམ་དུ་སླེབས་ཡོད
ས་གཞི་སེར་བོ་དེ་ལེ་ཚན་མ་བཅུ་གསུམ་ཡིན
རྒས་པའི་གཉེར་མ་དག་གདན་ལ་བཏིང་ནས
ས་ཆེན་ལ་བཏབ་པའི་བརྐྱངས་ཕྱག་ཡིན
ས་གཞི་དབང་འཛིན་བྱེད་པའི་ཧམ་པ་ཅི་ཡང་མེད
གཙོ་བོ་ནས་འབྲུ་གཙང་མ་རེ་བརྔོ་བཞིན་བདེ་ནས་བདེ་ན་འདོད

ནམ་མཁའ་སྔོན་པོ་དེ་ལེ་ཚན་མ་བཅུ་གསུམ་ཡིན
ལུས་ཀྱི་བུ་ཁ་ཡོད་དོ་ཅོག་གད་བདར་བྱས་རྗེས
ཉི་ཟླ་དང་རི་ཆུ་ལ་བཀུར་བ་ཡིན
དེ་ཡང་གནམ་ལ་འཇའ་སྐས་འཛུགས་པ་མ་ཡིན
གཙོ་བོ་ཆར་ཆུ་དུས་ལྟར་བབས་ན་བསམ

དབང་ཐང་དམར་པོ་དེའང་ལེ་ཚན་མ་བཅུ་གསུམ་ཡིན
མི་རུ་སྐྱེས་པ་ནས་མི་ཡི་གོ་དོན་ལ་གོ་བ་ཙམ་ཆགས་རྗེས
ཡུན་རིང་དུ་བརྟན་པོར་འགྱིང་ན་དེས་ཀྱང་ཡོད་ཚད་ཚིམ་ཡོད

ཨ་མ་འབྲུག་མཚོ སྔོན་ཆད་སུ་ཞིག་གིས་དངུལ་གྱི་དུང་ཙེ་གཡར་ནས
ཁྱེད་རང་མི་ཚོགས་ལ་ཞེན་ཁ་བཏང་སོང
ད་ལྟ་ཡང་སྐྱེས་ཆེན་ཚོས་མཛད་པ་དགོངས་བཞིན
ཡང་ཡང་བཤུམ་པ་བདེན་ནམ

གཞིས་ལམ་ལ་རྡོ་སྐས་བརྒྱབ་པ་ནས
གཞིས་ཀ་ལ་རྡོག་པ་མང་པོ་ལྷུང་སོང
གཏེར་འདེབས་མཁན་ཚོ་ལྕུང་ཁྱུ་སེར་བོ་ཞིག་གིས་ཙོག་འདུག་བྱས་པ་འདྲ
བསང་གཏོང་མཁན་ཚོ་ཕོར་ཁྱུ་ནག་པོ་ཞིག་གིས་གྱོང་སྐད་རྒྱག་པ་འདྲ
ཨ་མ་འབྲུག་མཚོ ཨ་མ་འབྲུག་མཚོ

སྨུག་པ་ཞིག་གང་སར་འཐིབས་པ་མཐོང་ན
ང་ཚོ་ལ་ཐུན་མོང་གི་སྨྲེང་པ་ཞིག་ཡོད་པ་འདྲ
མེ་ལོང་དེའི་ཡུ་བ་བཅག་པས་ཡིན་ནམ
ཡང་ན ཁྲུས་ཁང་ལ་སུས་ཀྱང་བག་གཡེང་གིས
གྲུ་ཤན་བརྒྱབ་པས་ཡིན
༢༠༡༥•༤•༦

              རོགས་དགའ་ལོ། 

གཟའ་ཉི་མ་ལ་ཉི་མ་གང་ལ་ཤར་སོང
ཉལ་ཐུལ་ཡང་མོ་དེ་ཉི་ཐིག་རྣོན་པ་དེས་བརྟོལ་ཡོང་ངམ
མཆུ་སྣུམ་པོ་དེ ཞིམ་པོ་དེ སྔས་ཐོག་ཏུ་སྦྱར་ནས་རྐྱོང་ཤད་ག་ཙམ་བྱས་ཡོད

ཚེ་སྲོག་ལ་བསྲིང་སྐུམ་ཡོད་པ་བསམ་ན
འཚོ་བ་ཅིས་ཀྱང་མཉེན་ཆ་དང་ལྷོད་ཆ་ལྡན་པ་ཡིན་དགོས
དགའ་ལོ་མ རོགས་དགའ་ལོ་གང་ཡིན་ཞེ་ན བརྩེ་བའི་ཁ་གཏད་ན་དགྱེ་སྒུར་ཡོད་པ་དེ་ཡིན

བལ་སྐུད་ལྷོད་པོ་ཞིག་འཁེལ་ནས་ཡུན་རིང་འགོར
དེ་ངའི་དབང་རྩ་དང་འདྲ དེ་ཁྱོད་ཀྱི་དབང་རྩ་དང་འདྲ
དེ་འུ་གཉིས་ཀྱི་ཕྱི་ཡི་པགས་པ་དང་ནང་གི་གློ་མཆིན་དག་འཁེལ་བ་དང་འདྲ
དགའ་ལོ་མ རོགས་དགའ་ལོ་གང་ཡིན་ཞེ་ན ལག་པས་རེག་ཐུབ་པ་ནས་མིག་གིས་འཚོ་ཐུབ་པ་དེ་ཡིན

ལས་དེ་འགྲིལ་ནས་ཡོང་བ་ཞིག་ཡིན བཙལ་ནས་རྙེད་པ་ཞིག་ཡིན
རྙེད་སླ་ལ་འབོར་ཡང་སླ་བ་ཞིག་ཡིན
གང་ལྟར སེམས་ཀྱིས་ལན་གཅིག་མྱང་ཐུབ་པ་དེ་ཡང
དགའ་བ་དཔག་ཏུ་མེད་པ་ཡིན བསགས་པ་རྒྱ་ཆེ་བ་ཡིན

མི་ཚེ་ཅི་འདྲ་ཐུང་བ་ནང་བཞིན་འུ་གཉིས་འཕྲད་པ་ཡང་དེ་འདྲ་ཡིན
སེམས་རྣལ་དུ་ཕབ་ན
སྔ་ཕྱི་ཙམ་མ་གཏོགས་ཅིས་ཀྱང་འབྲལ་དགོས
གཙོ་བོ་སོ་སོ་ནས་སེམས་པས་བཀུར་བ་དེ་རེད
དགའ་ལོ་མ རོགས་དགའ་ལོ་གང་ཡིན་ཞེ་ན
སེམས་ཁོ་ནས་མྱང་ཐུབ་པ་ཞིག་ཡིན
ཡིད་ཁོ་ནས་སྲུང་ཐུབ་པ་ཞིག་ཡིན

གཟའ་ཟླ་བ་མིག་སྐྱག་གིས་སྐྱེལ་དགོས་སམ
ཐོབ་བྱ་ཉུང་བའི་གླ་ཆ་དེས་སུ་ཡང་སྡུག་ལ་སྦྱར་སོང
ལག་གཡས་པས་གློག་ཀླད་སྒུལ་བཞིན
གཡོན་པ་དེས་ངའི་སྐད་འཕྲིན་ནས་གནོན་རོགས
དྭངས་བསིལ་བསིལ་གྱི་ཁམས་འདྲི་རེ་གནང་རོགས
དགའ་ལོ་མ རོགས་དགའ་ལོ་གང་ཡིན་ཟེར་ན
དྲན་ནས་སྒུག་ཐུབ་པའི་རུས་པ་དེ་ཡིན
སྒུག་ནས་དྲན་ཐུབ་པའི་བསྲན་ཚུགས་དེ་ཡིན
༢༠༡༥•༤•༨

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ་འབྲུག་མཚོ།༼ ཞར་བཀོད་གཅིག་ཡོད ༽

2015-04-08 རྨ་འོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།