སེམས་ཀྱི་ལམ་ཡིག

རྫ་རི་མཐོན་པོས་དཔུང་ཤུགས་འགྲན་པའི་གནས་འདི་རུ།
རྒྱལ་མོའི་རྔུལ་ཆུས་ཤུགས་གླུ་ལེན་པའི་གནས་འདི་རུ།
ལོ་ཆེན་གྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་མྱོང་བའི་གནས་འདི་རུ།
ང་ཚོས་རེ་སྨོན་ཁྲི་འབུམ་གྱི་ཁ་བཏགས་ཡུག་གཅིག་ལྷོད་ཀྱིས་འཐེན་ཡོད།
ང་ཚོས་དམིགས་འདུན་ཁྲི་ཕྲག་གི་ས་བོན་རྡོག་གཅིག་ཡུན་གྱིས་བཏབས་ཤིང་སེམས་ཀྱིས་བསྐྱངས་ཡོད།
ངའི་མི་ཚེ་ཡི་ཁ་དོག་མངོན་སའི་ཞིང་མཆོག
ངའི་འཚོ་བ་ཡི་མྱུ་གུ་འབུས་སའི་གནས་མཆོག
ཁྱོད་ནི་ཇི་ལྟར་བླངས་ཀྱང་དེ་ལྟར་སྙན་པའི་མཛའ་གཞས་དེ་ཡིན་ལ།
ཁྱོད་ནི་ཇི་ཞེ་བཀླགས་ཀྱང་རྫོགས་མཐའ་མེད་པའི་གླེགས་བམ་དེ་ཡིན།

སྐྱ་མདའ་དེ་མ་བཀྱགས་པའི་སྔ་རོལ་ནས།
ངས་ཅི་ཞིག་ལ་བསམ་བློ་གཏོང་གིན་ཁྱེད་ཕྱོགས་སུ་ཡོང་གིན་ཡོད།
འོད་ཐིག་དེ་མ་མཐོང་བའི་སྔ་ཉིན་ནས།
ངས་གང་ཞིག་ལ་རེ་སྨོན་བཅངས་བཞིན་ཁྱེད་ཕྱོགས་སུ་ཡོང་གིན་ཡོད།
ལོ་གསུམ་ཡར་སྔོན་གྱི་དེ་རིང་།
ངས་རང་གི་རྨི་ལམ་དུའང་རྨི་མ་མྱོང་བའི་ཁྱེད་ཀྱི་ལམ་ཡིག་དཀར་པོ་དེ་གཞི་ནས་རྙེད་བྱུང་ལ།
ལམ་ཡིག་དེ་རྙེད་པ་ནས།
འབྲུ་གསལ་བའི་ཡི་གེ་རེ་རེར་དབྱངས་ཀྱི་གཤོག་ཟུང་ཞིག་ལྷོད་ཀྱིས་བཏགས་ཤིང་།
ཡུན་གྱིས་གྱེར།

ལོ་གསུམ་ཡར་སྔོན་གྱི་དེ་རིང་།
ངས་སེམས་དང་སེམས་པའི་རང་མདངས་འོད་ལམ་ལམ་དུ་བཅོལ་ནས།
ཁྱེད་ཀྱི་ཤེས་རིག་གི་སྒོ་ཆེན་དེ་འདི་ལྟར་ལྷོད་ཀྱིས་ཕྱེས་ཏེ་འོངས།

དུས་དེ་ནས་བཟུང་།
ང་ཚོས་གུ་དོག་པོའི་གནས་འདི་རུ་རང་སེམས་ལ་གཤོག་པ་བཏགས་མྱོང་ལ།
གུ་དོག་པོའི་རང་སེམས་ལ་ཉི་འོད་ཀྱི་དམུ་ཐག་བཏགས་མྱོང་།
དུས་དེ་ནས་བཟུང་།
ང་ཚོས་མཐོ་ཞིང་བརྗིད་པའི་གངས་རི་ཞིག་མདུན་དུ་བསླངས་ཏེ།
ཡངས་ཤིང་ཆེ་བའི་རྩྭ་ཐང་ཞིག་པང་དུ་བླངས་ནས།
དྭངས་ཤིང་གཙང་བའི་ཆུ་བོ་ཞིག་ལག་ཏུ་བཟུང་སྟེ།
ཐེ་ཚོམ་དང་ཞེན་སྣང་ཅི་ཡང་མེད་པར་ཡིད་ཆེས་ཀྱིས་མདུན་དུ་ཆས། མདུན་དུ་ཆས།
མདུན་ཕྱོགས་ཀྱི་འཇའ་འོད་མཚར་པོ་དེ་མཐོང་དུས།
དེ་དག་ཐམས་ཅད་ཁྱེད་ཀྱིས་ང་ལ་ཕུལ་བའི་ལེགས་སྐྱེས་ཡིན་པ་གཞི་ནས་རྟོགས་ཤིང་།
རྨང་ནས་ཚོར།
སྐབས་ལན་རེར།
ཕ་སྐད་གཙང་མའི་ལྭ་བ་དཀར་པོ་ཤམ་ཤམ་དུ་གྱོན་མཁན་དེ་ང་ཡིན་པ་འདྲ་ལ།
མཚམས་ལན་རེར།
སྐད་གསེང་མཐོན་པོའི་དབྱངས་སྙན་ཤུགས་ཀྱིས་གྱེར་མཁན་དེ་ཁྱོད་ཡིན་པ་འདྲ།
དེ་ལྟར། ཁོ་བོས་རང་གི་དྲན་པ་དང་གདུང་བ། སྐྱོ་བ་དང་ན་ཟུག
དབྱངས་གསལ་སོ་བཞིའི་ཕྲེང་ཐག་ལ་བརྒྱུས་ཏེ་ཁྱོད་ཀྱི་མཐོང་ལམ་དུ་བསྟར་ཞིང་།
ཁྱོད་ཀྱིས། རང་གི་རེ་བ་དང་དུངས་བ། དགའ་བ་དང་དགོད་སྒྲ
དུས་གསུམ་གྱི་འོད་སྣང་གིས་བསྐྱལ་ཡོང་བ་ང་ཚོས་ཅི་ལ་མི་རྟོགས།

ཁ་སང་། ཁྱོད་ནི་ངས་བཙལ་བཙལ་ནས་རྙེད་པའི་ལམ་ཡིག་དཀར་པོ་དེ་ཡིན་ལ།
དེ་རིང་། ཁྱོད་ནི་ངའི་སེམས་ཀྱིས་བཞེངས་བའི་འོད་ཀྱི་འཇིག་རྟེན་དེ་ཡིན།
སང་ཉིན། ང་ནི་ཁྱོད་ལ་སྐྱ་རེངས་བསུ་བའི་སྐར་མ་འོད་ཆེན་དེ་ཡིན་ལ།
ཁྱོད་ཀྱི་མཐོང་ལམ་ནས་དབོར་ཐབས་མེད་ཅིང་། སེམས་ཁོང་ན་བརྗེད་དུ་མེད་པའི་ཕྱིར་དྲན་སྨུག་པོ་དེ་ཡིན་ངེས།
ངའི་སྙིང་གི་འོད་ཐིག མ་ཡུམ་སློབ་གྲྭ ངའི་སེམས་ཀྱི་རྟེན་ས། མ་ཡུམ་སློབ་གྲྭ
ཁྱོད་ཀྱི་པང་ན་ཡོད་དུས། ཁྱོད་ནི་ང་ཡི་གཟི་བརྗིད་ཡིན་ལ།
ཁྱོད་དང་རྒྱང་དུ་གནས་དུས། ང་ནི་ཁྱོད་ཀྱི་གཟི་བརྗིད་ཡིན།
ཁྱོད་ཀྱིས་ང་རང་པང་ཁུག་ཏུ་གཉོར་བ་ནང་བཞིན།
ང་ཡིས་ཁྱོད་རང་ནང་སེམས་ཀྱིས་འཚོས་ཡོད།
མ་ཡུམ་སློབ་གྲྭ་ཡ། ངའི་སེམས་ཀྱི་ལམ་ཡིག་དཀར་པོ།
ང་ནི་ཁྱོད་ཀྱི་པང་དུ་ཡོད་ལ། ཁྱོད་ནི་ང་ནི་སེམས་ན་ཡོད།
                  ༢༠༡༤ལོའི་ཟླ ༡༡ཚེས ༢༣ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་ལམ་ཡིག

2015-04-17 ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།