གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒོད་མ་ཁ་ཡི་མེ་འདྲ་བའི་2014ལོ།

2015-04-22 14:56:04 འཕགས་ཆེན།༼ ཡུལ་ཤུལ་༽ ཀློག་གྲངས། མཆན ཡོད།


             —2014ལོ་ནས་2015ལོར་མཚམས་སྦྱོར་བ།

ལོ་འདི་ནས
ལུས་སེམས་ཀྱི་རྔུལ་ཆུ་ཟགས་སོང
རང་གི་མི་ཚེ་ལ་ཕྲེང་རྡོ་རེ་རེ་བརྩིས་ནས
མཐའ་མཇུག་ང་ལ་འཚོ་ཚིས་ཤིག་ཡོད་པའི་འཆར་གཞི་བགོས

ལོ་འདི་ནས
རང་སེམས་ཀྱི་ལོ་མ་འབུས་པའི་ས་བོན་ཞིག་བཏབ
རྡོག་པ་གངས་ལ་འཇོག་པའི་ཆོད་སེམས་དེས
ན་ནིང་ལས་ད་ལོ་འཕགས་པའི་ཟིན་ཐོ་ཞིག་ཕབ
ད་ལོ་ལས་སང་ལོ་ལྷག་པའི་གསེར་ཟམ་ཞིག་དྲན

ཁ་སང་གི་བཟའ་བཏུང་འདི་ཡིས་ལྟོ་བ་འགྲངས་མ་ནུས
ང་ལ་དཀར་ལ་འཚེར་བའི་འདས་དོན་ཞིག་ཡོད
དམར་ལ་གསལ་བའི་རྨི་ལམ་ཞིག་ཡོད
ང་དང་ཁྱོད་ཀྱི་དགུན་དུས་ཀྱི་རྩ་སྐྱ་འདི
སང་ལོར་མེ་ཏོག་ཅིག་ཏུ་འཁྲུངས་སྲིད
མེ་ཏོག་དེ་གངས་ལྷ་མེ་ཏོག་ཡིན་ན


གལ་ཏེ་དུས་འདི་འགྱུར་སོང་བའི་དབང་དུ་བཏང་ན
ངའང་འགྱུར་ངེས
ངའི་ནམ་མཁའ་འདིའང་འགྱུར་ངེས
འོན་ཀྱང་ཡོད་ཚད་འགྱུར་དགོས་པའི་ངེས་པ་མེད

དེ་རིང་དང་འདྲ་བའི་ད་དུང་མཐའ་མཇུག་གི་ཉིན་ཞིག་སྒུག་གིན་ཡོད
ཆེས་མཐའ་མཇུག་གི་དུས་ཚིགས་དེ་རུ
དཀར་གཙང་གི་ཤོག་བུ་ཞིག་མེ་རུ་བསྒྲོན་རྒྱུ་ཡིན
རྡོ་དང་ས་ཆུ་འཕྲད་པའི་དུས་སྦྱོར་དེས
ངའི་ཡོད་ཚད་ཡོད་ཚད
ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པ་ཡོད་ཚད
རང་ཉིད་གཅིག་པུའི་ཆེད་དུ་དབུལ་རྒྱུ་ཡིན

ད་ལྟ་འཆར་ལ་ཉེ་བ་འདི
སང་ཉིན་གྱི་ཉི་མ་ཡིན ཟླ་བ་ཡིན སྐར་མའང་ཡིན
ད་ལྟ་འཐུང་བཞིན་པ་འདིའང་ཞོ་གྲོ་ཡིན
ད་ལྟ་འགྱུར་བཞིན་པ་འདིའང་ལང་ཚོ་ཡིན
ད་ལྟ་འབྱུང་ཉེ་བ་འདིའང་སྤྱི་མཐུན་གྱི་སང་ཉིན་ཡིན

དོ་ནུབ་སྤྱིར་བཏང་ཞིག་གི་རྨི་ལམ་མཇུག་བསྡུ་བཞིན་འདུག
ང་དང་ཁྱོད་ཀྱི་རེ་བའི་མིག་དེ་ཅེར་གྱིན་འདུག
འདི་ཙམ་གྱིས་ད་དུང་མཇུག་རྫོགས་མི་སྲིད
རང་དང་འཚམས་པའི་གཟའ་སྐར་ཞིག་འབྱུང་ལ་ཉེ
འུ་ཚོའི་གསར་རྙིང་བརྗེ་བའི་མཐའ་མཇུག་གི་ཉིན་དེ་ནས
ནམ་མཁའ་སྔོ་ཞིང་དྭངས ས་གཞི་ཡོངས་ཤིང་བརླིངས

        2014.12.31སྟེ་2014ལོའི་མཐའ་མཇུག་གི་དུས་དེར་མཇུག་གྲུབ་པར་བྱས། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།