གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་ཀློག་པ།

2015-05-23 09:45:25 རྩེ་མུ་ཏིག ཀློག་གྲངས། མཆན ཡོད།

            ༡
ཀ་མད་སུམ་ཅུའི་རྒྱགས་ཕྱེ་དག
སེམས་ཀྱི་ཁང་བར་དོ་ཆ་བཞིན་བརྩིགས་པས
བློ་ཡི་བཀྲེས་སྐོམ་དག་རེ་རེ་བཞིན་རྒྱང་ལ་བྲོས
ཤུལ་དུ་ཁེངས་བའི་མེ་ཕུང་ཞིག་དལ་གྱིས་འབུས
           ༢
གློ་བུར་དུ་གསེར་གྱི་པོ་ཏིའི་ཧྲག་བར་ནས
རིགས་པའི་གཙང་ཆབ་ཞིག
སེམས་ཀྱི་གཞུང་ལ་ཤང་ཤང་དུ་བབས་པས
ཁེངས་བའི་མེ་ཕུང་དག་ཅར་གྱིས་བསད
ལུས་སེམས་གཉིས་བཀྲེས་བས་གཟིར
           ༣
སྐབས་འདིར་
ངས་ད་གཟོད་རང་ཉིད་ཧ་ཅང་དབུལ་བ་རྟོགས
                          ༢༠༡༤•༡༠•༠༣

            ཚད་མས་མ་དམིགས་པ།
             ༡
ངག་རྒྱུན་དུ གནའ་སྔ་མོ་སྔ་མོའི་དུས་སུ
ནམ་འཁའ་སྟོང་བ་འདིའི་མངལ་ནས
རྡུལ་གྱིས་མ་གོས་པའི་པདྨའི་མེ་ཏོག་འགའ་བབས་མྱོང་ཟེར
           ༢
ཁྱད་མཚར་བའི་ངག་རྒྱུན་དེ
མིག་གཉིས་ལྡོངས་བའི་རྒད་པོ་ཞིག་གི
ཚི་དྲེག་གིས་ཟོས་པའི་རྣ་བ་བརྒྱུད་ནས
ད་ལ་ཐུག་གི་བར་དུ་མཆེད
          ༣
གྲུབ་ཐོབ་ཡིན་ཟེར་བ་རལ་བ་ཅན་འགའ་རེས
པདྨའི་ཡུ་བའི་སྟེང་དུ་ཨ་ཡིག་རང་བྱོན་ཞིག་ཡོད་ཚུལ་གླེང
གནའ་གཏམ་ཤོད་པར་དགའ་བའི་ཡུལ་མི་ཚོས་
པདྨ་དེ་ས་ཆུ་གང་གི་པདྨོ་ལས་ཀྱང་ཡག་ཚུལ་ལབ
           ༤
ངས་༼བློ་གསལ་རིགས་སྒོ༽བམ་ཀློག་ཅིག་བྱས་པས
ནམ་འཁའི་པདྨོ་ཞེས་པ་དེ
ཚད་མའི་མ་དམིགས་པའི་མཚན་གཞིར་བགྲངས་འདུག་པ་མཐོང་།
          ༥
ཨ་ཁ་ཁ ད་ཅི་བྱེད
རལ་བ་ཅན་གྱི་ཨ་མྱེས་ལགས
ཁྱེད་ཀྱིས་ང་ལ་གུ་ཡངས་གནང་སྲིད་དམ།
             ༧པའི་ཚེས་༡་ཉིན་གྱི་དགོང་མོར་ཐལ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།