སྐད་སྒྲ་མེད་པའི་མིག་ཆུ།


ལྟེབས་ཀྱིན་ལྟེབས་ཀྱིན་འགྲོ་དགོས་པའི་མི་ཚེའི་འཕྲེང་ལམ་དུ
འགྱེལ་ཞོར་དང་ལངས་ཞོར་བརྒལ་ཟིན་པའི
ལོ་ཟླའི་གཙང་བོ་དེ་དག་མཐའ་རུ
ཁྲག་གི་མིག་ཆུ་དང་བསམ་གཞིག་གི་རྡོ་རིང་ག་ཙམ་བཞེངས་མྱོང

དུས་ཚོད་ཀྱི་དར་སྐུད་ཕྲ་མོར་བརྒྱུས་བའི
ཚེ་སྲོག་གི་ཤེལ་གྱི་རིལ་བུ་དེ
ལས་དབང་གིས་སྒུལ་ཙམ་སྒུལ་ཙམ་གྱིས
གློ་སྙིང་གི་རི་ལ་སྐྱོ་གདུང་གི་ཆར་བ་ཤག་ཤག་འབབ་སྲིད

འཆི་ཁའི་སྙིང་སྟོབས་ལས་བྱུང་བའི་སྤོབས་པའི་འཛུམ་ཆུང་དེ
མ་ནི་དུང་ཕྱིར་གཅིག་གི་རྫོངས་བ་ལྟ་བུའི
ད་བར་དུ་སེམས་ཀྱིས་བོར་མ་མྱོང་བའི
བདེན་པའི་ཐ་སྙད་འདི་ཡིན་པས

མི་ཚེའི་དཀྱོགས་མཚམས་དེ་ནས
ལམ་དཀར་པོ་འདེམ་ཞིང
རྒྱུ་འབྲས་ཀྱི་རྒྱ་མ་བཟུང་བཟུང་ལ་བསྡད་ཡོད

ཨ་ཐང་ཆད་པའི་སེམས་ཀྱི་སྐྱོ་ངལ་དེའང
ཁེར་རྐྱང་གི་བར་སྣང་ན་གནམ་ངོ་བཞིན་རུབ་རྗེས
མེ་ཤོར་བའི་སེམས་ཀྱི་ནགས་ཚལ་དུ
མེ་ལྕེའི་ཐིགས་པ་རེ་རེ་བཞུ་བྱེད་དུ་འབབ

ཅི་ལྟར་བྱས་ན ད་བཟོད
ཞེ་སྡང་གི་བཙོན་ལས་ཐར་མ་ཐུབ་པའི
རང་གི་སེམས་པ་འདི
ས་བོན་བཞིན་ས་གཞིའི་རྨ་ཁ་གསོ་བྱེད་དུ་གཏོར་ཐུབ

མཐའ་འཁོར་ན་སྲ་ཞིང་མཁྲེགས་པ་ཡོད་ཚད
ལྕགས་ཀྱི་སྡོང་བོ་ཞིག་ལྟར་འགྱིང་བའི
རང་ཉིད་མེ་ལྕེའི་རལ་གྲི་ཞིག་ཏུ་གཏོང་འདོད་ཨང

བསམ་གཞིག་གི་ཁ་དོག་གཅིག་འདྲ་ཡིན་ངེས་པའི
རྨི་ལམ་ཀྱང་རྨི་མི་སྲིད་པའི
མུན་ནག་གི་གདན་སྟེང་ནས
སུ་ཞིག་གིས་འོད་ཀྱི་མེ་ཏོག་འབྲི་ཐུབ

མུན་ནག་གིས་ཟོས་མ་ཚར་བའི
འོད་ཀྱི་སྐར་ཁུང་ལྟ་བུ་དེ
སུ་ཞིག་གིས་བཏོད་པའི་བདེན་པའི་ལམ་བུ་ཡིན

ལམ་གྱིས་ང་རང་ཁྲིད་ནས
རྒྱང་རིང་རྒྱང་རིང་དུ་ཕྱིན
རྒྱང་རིང་ན་སུ་ཞིག་གིས་སྒུག་མེད་ཀྱང

ཤར་རིའི་ཕྲག་སྟེང་ནས
ལྷུག་ལྷུག་དགོད་སྲིད་པའི་སང་ཉིན་གྱི་ཉི་མ་བསམ་གྱིན

ཞེ་སྡང་གིས་གཅོད་མ་ཐུབ་ལ
ང་རྒྱལ་གྱིས་བཞུ་མ་ནུས་བའི
ལས་དབང་གི་རྣོ་སྐུད་ལས
རང་ཉིད་ཤ་རློན་བཞིན་སྐམ་མྱོང

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་སྒྲ་མེད་པའི་མིག་ཆུ།

2015-07-23 ཁྲག༼ རྨ་ལྷོ ༽ ཀློག་གྲངས། མཆན ཡོད།


ལྟེབས་ཀྱིན་ལྟེབས་ཀྱིན་འགྲོ་དགོས་པའི་མི་ཚེའི་འཕྲེང་ལམ་དུ
འགྱེལ་ཞོར་དང་ལངས་ཞོར་བརྒལ་ཟིན་པའི
ལོ་ཟླའི་གཙང་བོ་དེ་དག་མཐའ་རུ
ཁྲག་གི་མིག་ཆུ་དང་བསམ་གཞིག་གི་རྡོ་རིང་ག་ཙམ་བཞེངས་མྱོང

དུས་ཚོད་ཀྱི་དར་སྐུད་ཕྲ་མོར་བརྒྱུས་བའི
ཚེ་སྲོག་གི་ཤེལ་གྱི་རིལ་བུ་དེ
ལས་དབང་གིས་སྒུལ་ཙམ་སྒུལ་ཙམ་གྱིས
གློ་སྙིང་གི་རི་ལ་སྐྱོ་གདུང་གི་ཆར་བ་ཤག་ཤག་འབབ་སྲིད

འཆི་ཁའི་སྙིང་སྟོབས་ལས་བྱུང་བའི་སྤོབས་པའི་འཛུམ་ཆུང་དེ
མ་ནི་དུང་ཕྱིར་གཅིག་གི་རྫོངས་བ་ལྟ་བུའི
ད་བར་དུ་སེམས་ཀྱིས་བོར་མ་མྱོང་བའི
བདེན་པའི་ཐ་སྙད་འདི་ཡིན་པས

མི་ཚེའི་དཀྱོགས་མཚམས་དེ་ནས
ལམ་དཀར་པོ་འདེམ་ཞིང
རྒྱུ་འབྲས་ཀྱི་རྒྱ་མ་བཟུང་བཟུང་ལ་བསྡད་ཡོད

ཨ་ཐང་ཆད་པའི་སེམས་ཀྱི་སྐྱོ་ངལ་དེའང
ཁེར་རྐྱང་གི་བར་སྣང་ན་གནམ་ངོ་བཞིན་རུབ་རྗེས
མེ་ཤོར་བའི་སེམས་ཀྱི་ནགས་ཚལ་དུ
མེ་ལྕེའི་ཐིགས་པ་རེ་རེ་བཞུ་བྱེད་དུ་འབབ

ཅི་ལྟར་བྱས་ན ད་བཟོད
ཞེ་སྡང་གི་བཙོན་ལས་ཐར་མ་ཐུབ་པའི
རང་གི་སེམས་པ་འདི
ས་བོན་བཞིན་ས་གཞིའི་རྨ་ཁ་གསོ་བྱེད་དུ་གཏོར་ཐུབ

མཐའ་འཁོར་ན་སྲ་ཞིང་མཁྲེགས་པ་ཡོད་ཚད
ལྕགས་ཀྱི་སྡོང་བོ་ཞིག་ལྟར་འགྱིང་བའི
རང་ཉིད་མེ་ལྕེའི་རལ་གྲི་ཞིག་ཏུ་གཏོང་འདོད་ཨང

བསམ་གཞིག་གི་ཁ་དོག་གཅིག་འདྲ་ཡིན་ངེས་པའི
རྨི་ལམ་ཀྱང་རྨི་མི་སྲིད་པའི
མུན་ནག་གི་གདན་སྟེང་ནས
སུ་ཞིག་གིས་འོད་ཀྱི་མེ་ཏོག་འབྲི་ཐུབ

མུན་ནག་གིས་ཟོས་མ་ཚར་བའི
འོད་ཀྱི་སྐར་ཁུང་ལྟ་བུ་དེ
སུ་ཞིག་གིས་བཏོད་པའི་བདེན་པའི་ལམ་བུ་ཡིན

ལམ་གྱིས་ང་རང་ཁྲིད་ནས
རྒྱང་རིང་རྒྱང་རིང་དུ་ཕྱིན
རྒྱང་རིང་ན་སུ་ཞིག་གིས་སྒུག་མེད་ཀྱང

ཤར་རིའི་ཕྲག་སྟེང་ནས
ལྷུག་ལྷུག་དགོད་སྲིད་པའི་སང་ཉིན་གྱི་ཉི་མ་བསམ་གྱིན

ཞེ་སྡང་གིས་གཅོད་མ་ཐུབ་ལ
ང་རྒྱལ་གྱིས་བཞུ་མ་ནུས་བའི
ལས་དབང་གི་རྣོ་སྐུད་ལས
རང་ཉིད་ཤ་རློན་བཞིན་སྐམ་མྱོང

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།