ང་ནི་ཆོ་འཕྲུལ་ཞིག་གོ།

གྲི་ཐུང་།༼ རྨ་ཆུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-17


ངག་མི་སྨྲ་བའི
སྤྲིན་པ་དུམ་བུ་ཞིག་ཏུ་འཐིམས་པའི
འཚུབ་སྣང་མཚོན་བྱེད་དུ་ཤེལ་གྱི་ཆག་འཕྲོ་འགའ་བསྡུས་པའི
རྨ་ཁ་རྙིང་བ་ཞིག་ལག་པས་རྡུང་བའི
ཁྲག་ལ་ཁ་དོག་དམར་ནག་གིས་སྟོང་བའི
ལུང་སྟོང་ཞིག་ཏུ་སྐད་ཅོར་རྒྱག་པའི
སྐད་གདངས་སྔས་འགྲམ་གྱི་དོང་ཆེན་པོར་ལྷུང་བའི
རང་ལ་ལྟ་བཞིན་ཕྱི་རོལ་ཞིག་དྲན་པའི
སྒེའུ་ཁུང་བརྒྱུད་ནས་དབུགས་ཀྱི་རྒྱུ་བར་རེག་པའི
ལོ་མ་ཞིག་ལྟར་བར་སྣང་དུ་ཁུར་བའི
བར་སྣང་ཞིག་ལྟར་སྟོང་བར་ལུས་བའི
ལུས་པོ་འདི་འཁྱག་རེངས་སུ་གྱུར་བའི
ཕྱེ་ལེབ་ཅིག་ད་དུང་མིག་ལ་འཁོར་བའི
མིག་ཟུང་མུན་ནག་ལ་འབྱར་བའི
ངོ་གདོང་གི་ཚོགས་ཞིག་ཅིང་སྐྱེ་བའི
ང་རང་ཉིད་ཀྱང་གྲུ་ཟུར་ཞིག་ཏུ་ནུབ་པའི
དུས་ཚོད་ཀྱི་མདའ་ཁབ་མུ་མཐུད་དུ་འཁོར་བའི
སེམས་པའི་རྗེས་སུ་ཐང་སྟོང་ཞིག་མངོན་པའི
རི་མོ་སྣ་ཚོགས་རྡུལ་བཞིན་འཚུབ་པའི
རྐང་ལག་གི་དྲ་བར་སྐྱེད་ཚལ་ཞིག་ཐོགས་པའི
སྟག་གཟིག་གི་རི་མོ་དུས་ཚོད་ཀྱིས་བཤུས་རྗེས
དམར་ཧྲེང་ངེར་ལུས་པ་དེ་ངའོ
          
            ༢༠༡༥/༩/༡༦ལ།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ནི་ཆོ་འཕྲུལ་ཞིག་གོ།

2015-09-17 གྲི་ཐུང་།༼ རྨ་ཆུ ༽ ཀློག་གྲངས། མཆན ཡོད།


ངག་མི་སྨྲ་བའི
སྤྲིན་པ་དུམ་བུ་ཞིག་ཏུ་འཐིམས་པའི
འཚུབ་སྣང་མཚོན་བྱེད་དུ་ཤེལ་གྱི་ཆག་འཕྲོ་འགའ་བསྡུས་པའི
རྨ་ཁ་རྙིང་བ་ཞིག་ལག་པས་རྡུང་བའི
ཁྲག་ལ་ཁ་དོག་དམར་ནག་གིས་སྟོང་བའི
ལུང་སྟོང་ཞིག་ཏུ་སྐད་ཅོར་རྒྱག་པའི
སྐད་གདངས་སྔས་འགྲམ་གྱི་དོང་ཆེན་པོར་ལྷུང་བའི
རང་ལ་ལྟ་བཞིན་ཕྱི་རོལ་ཞིག་དྲན་པའི
སྒེའུ་ཁུང་བརྒྱུད་ནས་དབུགས་ཀྱི་རྒྱུ་བར་རེག་པའི
ལོ་མ་ཞིག་ལྟར་བར་སྣང་དུ་ཁུར་བའི
བར་སྣང་ཞིག་ལྟར་སྟོང་བར་ལུས་བའི
ལུས་པོ་འདི་འཁྱག་རེངས་སུ་གྱུར་བའི
ཕྱེ་ལེབ་ཅིག་ད་དུང་མིག་ལ་འཁོར་བའི
མིག་ཟུང་མུན་ནག་ལ་འབྱར་བའི
ངོ་གདོང་གི་ཚོགས་ཞིག་ཅིང་སྐྱེ་བའི
ང་རང་ཉིད་ཀྱང་གྲུ་ཟུར་ཞིག་ཏུ་ནུབ་པའི
དུས་ཚོད་ཀྱི་མདའ་ཁབ་མུ་མཐུད་དུ་འཁོར་བའི
སེམས་པའི་རྗེས་སུ་ཐང་སྟོང་ཞིག་མངོན་པའི
རི་མོ་སྣ་ཚོགས་རྡུལ་བཞིན་འཚུབ་པའི
རྐང་ལག་གི་དྲ་བར་སྐྱེད་ཚལ་ཞིག་ཐོགས་པའི
སྟག་གཟིག་གི་རི་མོ་དུས་ཚོད་ཀྱིས་བཤུས་རྗེས
དམར་ཧྲེང་ངེར་ལུས་པ་དེ་ངའོ
          
            ༢༠༡༥/༩/༡༦ལ།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།