གཡུ་སྔོན་པོ།

ར་བཟི་བ་དབང་གྲགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-21


             ____རྨི་ལམ་དུ་མཚོ་སྔོན་པོར་བསྐྱོད་པ་རྨིས་རྗེས།

པེ་ཅིང་ནས་མིང་སྲིང་རྣམས་ལ་ལག་རྟགས་ཆེན་པོ་རེ་ཉོས
ཧྲང་ཧེ་རུ་རླངས་འཁོར་དང་ཁྱིམ་གཞིས་ཉོས་ཏེ་རྒྱང་རིང་དུ་ཐོན
རྡོ་ལས་བཟོས་པའི་རྐང་ལྷམ་ལག་ལ་འཁྱེར་ནས་སོང་བའི་ཚེ
ཁ་སྤུ་གྱེན་ལ་གཟེངས་བའི་མཚོ་བོད་མཐོ་སྒང་དུ་འབྱོར
མཐོ་སྒང་ནི་རི་གྲོང་རེད་ལ་མཐོ་སྒང་ནི་གྱང་གོག་ཀྱང་རེད
མཚོ་སྔོན་ནི་གནའ་བོའི་རི་ཆུས་བཙས་པའི་ཚ་བོ་དེ་ཡིན་པ་འདྲ

ཆུང་མ་ལག་ཏུ་འཁྲིད་ནས་མཚོ་སྔོན་པོར་བལྟ་བའི་ཚེ་ན
མཚོ་སྔོན་པོ་ནི་མི་གཤིས་ཀྱི་འབོར་བའི་གཡུ་སྔོན་པོ་ཞིག་ཏུ་མཐོང
སྙིང་ཁ་མེ་ཏོག་བཞིན་ངུ་བཞིན་པའི་གཡུ་སྔོན་པོ་དེས
ངར་ལྕགས་ཀྱི་ས་གདན་སྟེང་ན་འགྲེ་ལོག་ཡང་ཡང་རྒྱག་དུས
འཇིག་རྟེན་དེ་ཡང་ཤེལ་ཀོ་ཟླུམ་གཟུགས་གཅིག་ཏུ་འགྱུར་སོང
དངུལ་དང་མཛེས་མ་ལྟ་བུའི་ཚོན་ཁྲ་ཅན་གྱི་ཕྱི་སྐོགས་དེ་ཚོ
ཕལ་ཆེར། རང་གི་རྒལ་རྒྱབ་ཏུ་བཙུགས་པའི་རྡོ་རིང་ལེབ་ལེབ་གཅིག

                           2015 . 4 . 24 ཁྲང་ཁྲུན་དུ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡུ་སྔོན་པོ།

2015-09-21 ར་བཟི་བ་དབང་གྲགས། ཀློག་གྲངས། མཆན ཡོད།


             ____རྨི་ལམ་དུ་མཚོ་སྔོན་པོར་བསྐྱོད་པ་རྨིས་རྗེས།

པེ་ཅིང་ནས་མིང་སྲིང་རྣམས་ལ་ལག་རྟགས་ཆེན་པོ་རེ་ཉོས
ཧྲང་ཧེ་རུ་རླངས་འཁོར་དང་ཁྱིམ་གཞིས་ཉོས་ཏེ་རྒྱང་རིང་དུ་ཐོན
རྡོ་ལས་བཟོས་པའི་རྐང་ལྷམ་ལག་ལ་འཁྱེར་ནས་སོང་བའི་ཚེ
ཁ་སྤུ་གྱེན་ལ་གཟེངས་བའི་མཚོ་བོད་མཐོ་སྒང་དུ་འབྱོར
མཐོ་སྒང་ནི་རི་གྲོང་རེད་ལ་མཐོ་སྒང་ནི་གྱང་གོག་ཀྱང་རེད
མཚོ་སྔོན་ནི་གནའ་བོའི་རི་ཆུས་བཙས་པའི་ཚ་བོ་དེ་ཡིན་པ་འདྲ

ཆུང་མ་ལག་ཏུ་འཁྲིད་ནས་མཚོ་སྔོན་པོར་བལྟ་བའི་ཚེ་ན
མཚོ་སྔོན་པོ་ནི་མི་གཤིས་ཀྱི་འབོར་བའི་གཡུ་སྔོན་པོ་ཞིག་ཏུ་མཐོང
སྙིང་ཁ་མེ་ཏོག་བཞིན་ངུ་བཞིན་པའི་གཡུ་སྔོན་པོ་དེས
ངར་ལྕགས་ཀྱི་ས་གདན་སྟེང་ན་འགྲེ་ལོག་ཡང་ཡང་རྒྱག་དུས
འཇིག་རྟེན་དེ་ཡང་ཤེལ་ཀོ་ཟླུམ་གཟུགས་གཅིག་ཏུ་འགྱུར་སོང
དངུལ་དང་མཛེས་མ་ལྟ་བུའི་ཚོན་ཁྲ་ཅན་གྱི་ཕྱི་སྐོགས་དེ་ཚོ
ཕལ་ཆེར། རང་གི་རྒལ་རྒྱབ་ཏུ་བཙུགས་པའི་རྡོ་རིང་ལེབ་ལེབ་གཅིག

                           2015 . 4 . 24 ཁྲང་ཁྲུན་དུ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།