གཏེར་ལེན་ཁ།

         
                ___ཧེ་ཙིའི་རྗེས་དྲན་ཁང་ལ་མཇལ་བ།

དོ་དགོང་ངའི་ཡིད་ལ་ཅི་ཡང་མི་དྲན ངས་ཅི་ཡང་མི་བྱེད
ངས་ཁྱེད་ཀྱི་རྡོ་ལ་བརྐོས་པའི་ངོ་གདོང་ཁོ་ན་མཐོང
སྔོན་ཞིག་ལ་མཐའ་དབུས་མེད་པའི་ངམ་ཐང་འདི་ནས
ཁྱེད་ཀྱིས་མིའི་རིགས་མ་བསམ་པ་ཇི་བཞིན
དོ་དགོང་ངས་ཀྱང་ཁྱོད་ཁོ་ན་ལས་ཅི་ཡང་བསམ་རྒྱུ་མི་འདུག

སྔོན་ཞིག་ལ ཁྱེད་ནི་ཁྱི་ལྡོམ་ཞིག་དང་འདྲ་བར
ངལ་དུབ་ཀྱིས་མནར་བཞིན་གནས་འདིར་སླེབས་ཤིང
འགྲུལ་ཁང་ཐབས་ཆག་ཅིག་ནས་ཆང་རག་འཐུང་ཞོར་ཨ་ཅེ་དྲན
ཆང་འཐུང་འགའི་བརྙས་སྨོད་དང་རྡུང་རྡེག་ཀྱང་མྱངས
དེ་སྔོན་གྱི ཁྱེད་ཀྱི་གཉོམ་ཆུང་འཁོས་ཞན་གྱི་བཟོ་ལྟ་དེ
རྟོག་བཟོ་ཙམ་མ་ཡིན་པར ཡིད་ངོར་འཆར་ཐུབ

དེ་སྔོན ཁྱེད་ཀྱིས་འགྲུལ་ཁང་ཐབས་ཆག་ཅིག་ནས
ཐུག་ཐབས་མེད་པའི་ཨ་ཅེ་དྲན་པའི་སྡུག་བསྔལ་གྱིས
མཆི་མ་རྡོག་གཅིག་རྩྭ་ཐང་འདིར་ཁུ་སིམ་མེར་ལྷུང་བ
ཁུ་ལོ་ཁུ་མཚོ་མོ་དང་པ་ཡན་གཙང་བོས་ཁྱེར་ནས
ད་ལྟ ལྗང་མྱུག་གི་གཞུང་རྟ་སོར་ཚད་ཙམ་འབུས་འདུག

དོ་དགོང་ངའི་ཡིད་ལ་ཅི་ཡང་མི་དྲན ངས་ཅི་ཡང་མི་བྱེད
ཁྱེད་ཀྱི་ཨ་ཅེ་དྲན་པའི་སྐྱོ་ཉམས་དེས
ང་དང་གཏེར་ལེན་ཁའི་མཚན་ལྗོངས
སྨྲ་བ་མེད་པའི་བསམ་གཏན་གྱི་ཡུལ་དུ་བྱིངས

དོ་དགོང་གཏེར་ལེན་ཁའི་མགྲོན་ཁང་ནས
སྙན་ངག་པ་ཚོས་ཆང་རག་མཆོད་པའི་ཧབ་དགོད་ཀྱིས
སྐར་ཚོགས་ཕྲ་རུ་བཏབ་པའི་པ་ཡན་གཙང་བོ་སྐྱོམ་པར་བྱས
སྐར་ཚོགས་ཁྲག་ཁྲིག་གི་ཀློང་ནས
ཆེས་གསལ་ཞིང་འཚེར་བའི་སྐར་མ་རྡོག་གཅིག
ཧ་ཅང་གྲང་བས་ཉེན་འདུག

            2015.10.1ལ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཏེར་ལེན་ཁ།

2015-10-03 མོག་ཟླ། ཀློག་གྲངས། མཆན ཡོད།

         
                ___ཧེ་ཙིའི་རྗེས་དྲན་ཁང་ལ་མཇལ་བ།

དོ་དགོང་ངའི་ཡིད་ལ་ཅི་ཡང་མི་དྲན ངས་ཅི་ཡང་མི་བྱེད
ངས་ཁྱེད་ཀྱི་རྡོ་ལ་བརྐོས་པའི་ངོ་གདོང་ཁོ་ན་མཐོང
སྔོན་ཞིག་ལ་མཐའ་དབུས་མེད་པའི་ངམ་ཐང་འདི་ནས
ཁྱེད་ཀྱིས་མིའི་རིགས་མ་བསམ་པ་ཇི་བཞིན
དོ་དགོང་ངས་ཀྱང་ཁྱོད་ཁོ་ན་ལས་ཅི་ཡང་བསམ་རྒྱུ་མི་འདུག

སྔོན་ཞིག་ལ ཁྱེད་ནི་ཁྱི་ལྡོམ་ཞིག་དང་འདྲ་བར
ངལ་དུབ་ཀྱིས་མནར་བཞིན་གནས་འདིར་སླེབས་ཤིང
འགྲུལ་ཁང་ཐབས་ཆག་ཅིག་ནས་ཆང་རག་འཐུང་ཞོར་ཨ་ཅེ་དྲན
ཆང་འཐུང་འགའི་བརྙས་སྨོད་དང་རྡུང་རྡེག་ཀྱང་མྱངས
དེ་སྔོན་གྱི ཁྱེད་ཀྱི་གཉོམ་ཆུང་འཁོས་ཞན་གྱི་བཟོ་ལྟ་དེ
རྟོག་བཟོ་ཙམ་མ་ཡིན་པར ཡིད་ངོར་འཆར་ཐུབ

དེ་སྔོན ཁྱེད་ཀྱིས་འགྲུལ་ཁང་ཐབས་ཆག་ཅིག་ནས
ཐུག་ཐབས་མེད་པའི་ཨ་ཅེ་དྲན་པའི་སྡུག་བསྔལ་གྱིས
མཆི་མ་རྡོག་གཅིག་རྩྭ་ཐང་འདིར་ཁུ་སིམ་མེར་ལྷུང་བ
ཁུ་ལོ་ཁུ་མཚོ་མོ་དང་པ་ཡན་གཙང་བོས་ཁྱེར་ནས
ད་ལྟ ལྗང་མྱུག་གི་གཞུང་རྟ་སོར་ཚད་ཙམ་འབུས་འདུག

དོ་དགོང་ངའི་ཡིད་ལ་ཅི་ཡང་མི་དྲན ངས་ཅི་ཡང་མི་བྱེད
ཁྱེད་ཀྱི་ཨ་ཅེ་དྲན་པའི་སྐྱོ་ཉམས་དེས
ང་དང་གཏེར་ལེན་ཁའི་མཚན་ལྗོངས
སྨྲ་བ་མེད་པའི་བསམ་གཏན་གྱི་ཡུལ་དུ་བྱིངས

དོ་དགོང་གཏེར་ལེན་ཁའི་མགྲོན་ཁང་ནས
སྙན་ངག་པ་ཚོས་ཆང་རག་མཆོད་པའི་ཧབ་དགོད་ཀྱིས
སྐར་ཚོགས་ཕྲ་རུ་བཏབ་པའི་པ་ཡན་གཙང་བོ་སྐྱོམ་པར་བྱས
སྐར་ཚོགས་ཁྲག་ཁྲིག་གི་ཀློང་ནས
ཆེས་གསལ་ཞིང་འཚེར་བའི་སྐར་མ་རྡོག་གཅིག
ཧ་ཅང་གྲང་བས་ཉེན་འདུག

            2015.10.1ལ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།