གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོས་ཀ་ཞན་པའི་མི།

2015-10-13 22:13:14 འབུམ་ཤུལ་བསྟན་སྐྱོང་། ཀློག་གྲངས། མཆན ཡོད།


ནམ་ལངས་པ་ནས་ས་རུབ་རག་བར་དུ
རྒྱ་མཚོ་ཆེན་པོ་ཞིག་ལས་སྤྲིན་པ་འཕྱུར
ས་རུབ་རྗེས་སླར་ཡང་རྒྱ་མཚོ་དེ་ལས་སྤྲིན་པ་འཕྱུར་མགོ་བརྩམས
གསོལ་ཚིགས་མཐའ་མའི་དུས་དེར
རྡོ་བའི་མལ་ཁྲིའི་འོག་ཏུ་རྒྱ་མཚོ་འཁྱིལ
གྲེ་བ་འགག་པའི་འཁྱག་པ་ནི
གསོལ་ཚིགས་འདིའི་སྐུ་མགྲོན་གཅིག་པུ་དེ་ཡིན

ཐག་པ་ཁྲ་བོ་དེ་ནི
མཚན་མོའི་འཇིག་སྐྲག་ལས་བཞུར་བའི་རྡུམ་ར་ཞིག
ལོ་ངོ་བཅུའི་སྔོན་གྱི་མཚན་མོའི་གདུངས་སྨྲེ་རུ་གྱུར་ན
སྙན་ངག་པ་གཅིག་པས་ཅི་ཡང་སྨྲ་མི་འོས
ཡལ་ག་འཛིང་པའི་རླུང་གི་གཡོ་བ
ཁུ་བྱུག་གི་མགྲིན་པ་ནས་བསེད་པའི་ལྗན་ལྗིན་གྱི་ཁུ་བ་དེ་ཡིན་འོས
རྣག་ཁྲག་གི་ཤེལ་ལེབ་གསར་བ་དེ་ཡིན་འོས

ཉིན་གང་བོར་མིག་གཉིས་བཙུམ་ནས་བསྡད
ཉིན་གང་བོར་ངག་ལ་གཟེར་མ་བརྒྱབ་ནས་བསྡད
ས་གདན་དེར་ཁ་དོག་མེད་ཀྱང་ནགས་ཚལ་འབར་བཞིན་འདུག
གསོལ་ཚིགས་དེའི་མདུན་ཅོག་མ་ཡལ་སྔོན་དུ
ཆང་ཕོར་རྣམས་ས་ལ་ལྷུང་བའི་སྒྲ་གྲགས་བཞིན་འདུག

སྐུ་མགྲོན་དེས་ཉིན་གང་བོར་སེམས་གཞན་ལ་གཡར་ནས་བསྡད
རི་མོའི་ནང་གི་ཁང་བའི་དཀར་འོད་ཀྱི་རོལ་མོའི་གསུར་དྲིའི་འོག་ཏུ
སྙིང་ཉེ་དག་བ་བསྒྲིགས་ནས
རི་མོ ཁང་སྟོང དཀར་མེ རོལ་མོ ཇག་པ
འདི་དག་རེ་རེ་བཞིན་བསུབ
འཇིག་རྟེན་མེད་པའི་ཇག་པ་འགའི་དོན་དུ
རི་མོ་འདི་རྣམས་རོལ་མོའི་ཁང་སྟོང་དུ་གབ་པར་འཚལ
ཁ་སང འཛུམ་མདངས་ལས་ན་བུན་འཕྱུར་མེད་ཚེ
རྡོ་བར་ཟགས་པའི་རྨི་ལམ་གྱི་འདར་སིག་དེ་ཡིན་ངེས
རྡུམ་རའི་ནང་གི་ཉི་རྡུལ་ལས་ཁྲག་དམར་འཐོར་སྲིད

                 ༢༠༡༤ལོའི་ཟླ༡༡བའི་ཚེས༢ཉིན་ཟི་ལིང་ནས་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།