གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླའི་འགྲུལ་བཞུད།

2015-10-18 13:25:10 མར་བཟའ་བློ་སྒྲོལ། ཀློག་གྲངས། མཆན ཡོད།


             ༡
ལྕགས་ཚེར་གྱི་ཟམ་པ་དེ་བརྒྱུད་རྗེས།
གོམ་པ་རེ་རེ་འཁྱག་རོམ་གྱི་སྒྲུབ་ཕུག་ཏུ་ཕྱོགས་ཤིང་།
ཕྱིར་བལྟས་གྲངས་མང་བྱེད་ཞོར།
ཕངས་སེམས་ཀྱི་སྐྲ་ལོ་དག
ཞེན་ཆགས་ཀྱི་གཡུལ་ས་ནས་དམར་གསོད་བཏང་།

            ༢
དུས་ཆད་ཀྱི་དྲན་པ་དག
བྱང་ཐང་གི་གཞིས་ཀར་བབས་ཀྱང་།
ཡ་ཁོག་གི་ལྗོན་པ་དག
ལོ་རྒྱུས་ཀྱི་མེ་ལོང་དུ་ཞེ་འཁོན་གྱིས་སྐྱེས།

             ༣
མངར་སྐྱུར་ཁ་གསུམ་གྱི་བྲོ་བ་དག་མྱངས་དྲགས་པས།
མི་གཤིས་ཀྱི་ཚོར་བ་ལུད་ཅིང་།
ཚེ་སྲོག་གི་རླབས་རིས་དག
བཏང་སྙོམས་ཀྱིས་བསླུ་བར་བྱས།

         ༢༠༡༥•༡༠•༡༧ར་རྔ་མཁར་ནས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།