གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ནི་ཅི།

2015-10-29 13:53:48 མདོ་འབར་མེ། ཀློག་གྲངས། མཆན ཡོད།


ཁྱོད་ནི་བཏུང་མི་ཚར་བའི་གཙང་བོ་ཞིག
ཉིན་མཚན་བར་མེད་དུ་རྒྱང་ལ་བཞུར་ཅིང
སེམས་ཀྱི་བུ་ག་མ་ལུས་ངག་གི་སྨྲ་བ་མཐའ་དག
རྦ་རླབས་ཀྱི་འཕྱོ་ཤུགས་ཕྱོགས་སུ་དྲག་ཏུ་གཡུག་དུས
གཙང་བོ་ནི་བདག་གི་རྫ་བུམ་བཙའ་བོར་འཁྱིལ་བའི
ཨ་རག་དེ་ཡིན་འགྲོ་ཉེན་ཆེ

སེམས་ཀྱི་ལྷ་མོ་དེ་སུ
དྲན་པའི་སྐྱི་པགས་དེ་བེེཌཱུརྱའི་ཁ་དོག
འཇམ་པའི་རེག་བྱ་དེ་ཅི་ལྟར་རྒྱང་དུ་དོར་ཡང
སེམས་ཀྱི་ཐག་པས་ཉེ་སར་འདྲུད་འོང
ནམ་མཁའ་འདི་དར་སྐུད་ཀྱིས་བསླེས་པའི་གཟེབ་དྲ་ཞིག
གཟེབ་ངོས་ཡོངས་སུ་ལྕགས་ཀྱི་ཨ་ལོང་གཏར

མཚན་སྨག་རིམ་ཙམ་སྟུག་དུས
ལུས་ཀྱི་སྲིན་འབུ་མཐའ་དག་དྲག་ཏུ་འགུལ
ཤིན་ཏུ་བཏུང་འདོད་བའི་ཨ་རག་དམ་བུ་གཅིག
ཞེ་ལ་བསྐྱར་དུ་འཁོར་ཅིང་སེམས་ལ་དྲག་ཏུ་འཁྲུགས
ཤིན་ཏུ་བཏུང་འདོད་པའི་བུ་མོ་དེ
ཨ་རག་ཕོར་བ་གང་གིས་བཟི་འདུག

            2015.5.3  p. M

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།