གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆི་བ་དྲན་མགུར།

2015-10-29 14:17:54 གངས་བུ།༼ སེར་ཤུལ ༽ ཀློག་གྲངས། མཆན ཡོད།


མུན་ནག་གི་འོལ་ཚོད་ཀྱི་ཀློང་ན
ཟླ་བ་སྔོན་མོའི་འཛུམ་ཞལ་འཐིམ་ཞིང
བར་སྣང་གི་རླུང་བུ་ནག་པོ
ལྗོན་པའི་སྣེ་མོ་ལས་ལྡང་དུས

ངས་རླུང་བུ་དང་བསྟུན་ནས
མ་འོངས་པའི་ལམ་ལ་འགུལ་ཆས་སྒྲིག་གིན་ཡོད

སྟོང་བའི་ཁམས་ཀྱི་མཚན་མོ་དེར
སྤྲིན་པ་ལེབ་མོ་དག་རེ་རེ་བཞིན་ཆ་བསྒྲིགས་ནས
གཡུ་འབྲུག་གིས་གནམ་ས་གཡོ་བའི་སྨྲེ་སྔགས་གྱེར

དེ་ནི
གློག་འོད་ལམ་ལམ་འཁྱུག་པའི་གོ་རིམ་དུ
མདེའུ་ནག་པོ་སེམས་སུ་ལྷུང་བ་སྟེ
རྡོ་ཡི་ཆར་བ་ལྷབ་ལྷུབ་ཏུ་ལྷུང་འོང
དེའི་སྨྲེ་སྔགས་དང་ངུ་སྒྲ་ལས
གཞན་ཅི་ཡང་མི་སྣང
ངའི་ཕྱོགས་སུ་གཏོར་བའི་སྣང་བ་ལ
འཆི་བ་དྲན་པའི་སྨྲེ་སྔགས་གྱེར

འཆི་བ འཆི་བ

ཁྱོད་ནི་ལྐོག་གྱུར་གྱི་ཞིང་ས་ཞིག་ཡིན་ལ
ཁོ་བོ་དང་ཉེ་བའི་གྲུབ་གཟུགས་དེ་ཡང་ཡིན

                                           2015/9/13

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།