གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙུང་གཞི་ལྕི་མོ་དེ།

2015-11-06 10:27:49 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།


ནད་པ་རེ་རེའི་ལག་པ་ཟུང་གིས
ས་གཞི་དང་བར་སྣང་ལ་སྤར་བྲད་བྱས
སེན་ཤུལ་མི་འདྲ་བའི་རྨ་ཁ་དེ་དག
འཆི་བའི་ཕྱོགས་སུ་བསྐྱོད་པར་རམ་འདེགས་བྱེད
མུ་རུ་བཏོན་པའི་འཁུན་སྒྲ་ལས
དམྱལ་བའི་ལས་མཁན་ཚོར་བརྡ་རྟགས་སྤྲད
བརྡ་རྟགས་ཀྱི་འཐེན་ཤུགས་ཆེ་ཆུང་དེ་དག
ཟུག་རྔུ་དང་འོ་དོད་ཀྱི་གསེང་དུ་འཐིམས
རི་གསེབ་ནས་བརྡ་རྟགས་ཆད་སྲིད་ལ
སྤང་ཁུག་ནས་སྙིང་གི་ཉེ་སར་གདོང་ཐུག་རྒྱག་སྲིད

ཁབ་མིག་ལས་དོག་པའི་མི་སེམས་ཀྱི་གསང་བ
སློག་ཧྲུལ་ཕྱི་རུ་བསྔོགས་འདྲའི
ཐལ་རྡུལ་དུ་ཆུ་འཁྱག་བླུགས་པའི
མེ་ལ་སྣུམ་ལྡུག་འདྲའི
ཕྱི་གསལ་ནང་གསལ
མཁའ་རླངས་འཐུལ་བའི་ནམ་མཁའ
སྲེག་བཞིན་པའི་མེ་ལོང་ཆག་པོ
སུ་ཞིག་གི་བྲང་གཞུང་དུ་གཉེར་མ་བབས
མཇེ་རྩིད་ལས་མང་བའི་ཁ་སྤུའི་གསེང་དུ
སྐད་ཅིག་གི་མེ་སྟག་མཆེད
གློ་བུར་བའི་གློག་འོད་འཁྱུག

        ཕྱི་ལོ༢༠༡༥པོའི་ཟླ༡༠པའི་ཚེས༢༣ཉིན་སྦྱར།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།