གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་འཚོང་མཁན།༼ ཞར་བཀོད་གཉིས་ཡོད ༽

2015-11-06 10:31:34 མྱི་གསར་བ། ཀློག་གྲངས། མཆན ཡོད།


ཁང་མིག་ཆུང་ཆུང་དེའི་ཕྱི་རོལ་ན
ཆུ་ཕྲན་ཞིག་མར་ལ་གཤར་གྱིན་འདུག
སྐོམ་པའི་གདུང་བའི་ཕྱི་གླིང་བ་དག་གིས
ཁང་མིག་དེའི་ནང་ན་ཆུ་འཚོང་མཁན་ལ་བསྒུག་ཡོད
ཁོ་ཚོར་རླན་ཞིང་གཤེར་བ་མ་ཡིན་པའི་ཚ་ཞིང་སྲེག་པའི་ཆུ་ཞིག་མཁོ
རྭ་རློན་པ་ཞིག་སྐྱེས་ཡོད་ཅིང རྭ་རྩེ་ནས་ཁྲག་ཅིག་མར་འཛག་འོང
ཉོབ་ཅིང་འཐིབ་པའི་ཆུ་འཚོང་མཁན་དག་སྔར་བཞིན་ཁོ་ཚོའི་འགྲམ་དུ་གནས་ཡོད

ཆར་ཟིམ་ནི་འཇའ་ཚོན་ལས་སྐྱེས་པ་མིན་མོད
ཆར་ཟིམ་ལས་སྐྱེས་པའི་རླན་ཞིང་གཤེར་བའི་ཆུ་ཡོད་ཆོག
ད་དུང་དེ་འཚོང་མཁན་གྱི་སྨྲ་ར་ཅན་གྱི་རྒད་པོ་ཞིག་ཀྱང་ཡོད་ཆོག
               2015. 6. 1.

              ཞེ་མེར་ལངས་ཚེ།

མར་ཁུ་མ་འཐུང་ཡང
འདོད་ཡོན་དག་ལོངས་སུ་སྤྱད་རྗེས
སྟབས་ཅིག་དུ་ཡི་ཀ་གཏིང་ནས་ཆད་འགྲོ
ཤྭ་བདའ་རྔོན་པ་དག་ད་ནི་གཏན་ནས་རིག་མི་འདོད
མཚོ་དང་མཚེའུའི་མཐའ་ན་འཕུར་བའི་ཁྲུང་ཁྲུང་ག་ཚོད་ཅིག
ལྷོ་མཐའི་སྨག་ནག་པའི་གྲོག་རོང་ཞིག་ཏུ་གཟེབ་ལ་ཚུད་འདུག
                        15.  5.  14.

              ཤེལ་ཏོག་བཅག་པ།

སྟོང་པའི་བར་སྣང་ནས་བྱེའུ་བཅུ་ཙམ་ནུབ་ཏུ་འཕུར་སོང
ངའི་ཁ་ཏོན་འདོན་འཚམས་བཞག་སྟེ་གླུ་ལ་ཉན

སྨུག་པ་འཐིབས་པའི་ཁང་བ་དག་ན
འོད་མདངས་མ་ཉམས་པའི་གློག་འོད་འགའ་བསྒྲོན་ཡོད
དེ་ནི་སྣང་ལ་ངེས་པའི་ཚོན་ཁ་ཞིག་ཡིན་མོད

དོ་ཞག་གནས་སའི་མཚམས་ནས་འབྲུག་གྲག་རྗེས
ངའི་གཟིམས་ཁང་གི་ཤེལ་ཏོག་དག་བཅག་སོང
ད་ནི་མུན་པ་ལ་ལྕེ་ལྡག་འགའ་བྱས་ནས་སྡོད་དགོས་བྱུང
                   15. 4. 25.
 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།