འབུ་མེ་ལྕེབས།


               ____ཁ་བ་སྙིང་ལྕགས་ལ་མྱ་ངན་དུ།

མུན་པའི་གཞོང་ས་ནས་འོད་ཐིག་སྙིང་ལ་བརྐོས
ཁྲག་རྣག་གི་མཚོ་ཁུག་ནས་འོ་དཀར་རུམ་ལ་བསྙལ
རྔུལ་ཆུས་བརླན་པའི་མཚན་རླུང་མ་གཡུག་གོང
ཤ་ཁྲག་གི་སྙིང་ཆུང་འོད་སྣང་གི་ཡོན་དུ་ཕུལ

རུས་པ་དང་ངུ་སྐད་ཀྱིས་བཀང་བའི་མུན་དོང་ཟབ་མོ
འུག་པ་དང་ཁྱི་ལྡོམ་གྱི་ངུ་ཟུག་རྒོད་པའི་བར་སྣང་སྐྱ་བོ
ཁྱེད་རང་ལམ་ལ་ཆས་པའི་ལག་མཐིལ་གྱི་འཇིག་རྟེན་རེད
བདེན་པའི་གཤོག་ཟུང་གསེར་མདངས་མམེ་ལྕེའི་འོད་གོར་དང་དྲོད་ཁོལ་ལ་འཐམས
མུན་ནག་གི་གསེབ་ནས་ཁྱེད་ལ་ཁོང་དགོད་དང་མཛུབ་ཆུང་བསྟན
ཡིན་ཡང  ཁྱེད་ཀྱི་དུང་བ་མེ་ལྕེའི་དཀྱིལ་ལ་དཔར

མཐའ་མེད་པའི་སྨག་རུམ་གྱིས་སོ་སོའི་མིག་དབང་བཀབ
ཧ་ཅང་ནས་ཧ་ཅང་ཆུང་ཆུང་གི་འོད་སྣང་དེ་ཁྱེད་ཀྱིས་མཐོང་བས
ཁྱེད་རང་འོད་དང་དྲོད་དེ་ལས་ཅི་ལའང་ཆགས་མ་མྱོང
གཞུག་ན་གོམ་སྒྲ་དང་སྔུན་ན་ལག་བརྡ་མེད་ཀྱང

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབུ་མེ་ལྕེབས།

2015-11-25 འཕགས་པ་འབྲོང་། ཀློག་གྲངས། མཆན ཡོད།


               ____ཁ་བ་སྙིང་ལྕགས་ལ་མྱ་ངན་དུ།

མུན་པའི་གཞོང་ས་ནས་འོད་ཐིག་སྙིང་ལ་བརྐོས
ཁྲག་རྣག་གི་མཚོ་ཁུག་ནས་འོ་དཀར་རུམ་ལ་བསྙལ
རྔུལ་ཆུས་བརླན་པའི་མཚན་རླུང་མ་གཡུག་གོང
ཤ་ཁྲག་གི་སྙིང་ཆུང་འོད་སྣང་གི་ཡོན་དུ་ཕུལ

རུས་པ་དང་ངུ་སྐད་ཀྱིས་བཀང་བའི་མུན་དོང་ཟབ་མོ
འུག་པ་དང་ཁྱི་ལྡོམ་གྱི་ངུ་ཟུག་རྒོད་པའི་བར་སྣང་སྐྱ་བོ
ཁྱེད་རང་ལམ་ལ་ཆས་པའི་ལག་མཐིལ་གྱི་འཇིག་རྟེན་རེད
བདེན་པའི་གཤོག་ཟུང་གསེར་མདངས་མམེ་ལྕེའི་འོད་གོར་དང་དྲོད་ཁོལ་ལ་འཐམས
མུན་ནག་གི་གསེབ་ནས་ཁྱེད་ལ་ཁོང་དགོད་དང་མཛུབ་ཆུང་བསྟན
ཡིན་ཡང  ཁྱེད་ཀྱི་དུང་བ་མེ་ལྕེའི་དཀྱིལ་ལ་དཔར

མཐའ་མེད་པའི་སྨག་རུམ་གྱིས་སོ་སོའི་མིག་དབང་བཀབ
ཧ་ཅང་ནས་ཧ་ཅང་ཆུང་ཆུང་གི་འོད་སྣང་དེ་ཁྱེད་ཀྱིས་མཐོང་བས
ཁྱེད་རང་འོད་དང་དྲོད་དེ་ལས་ཅི་ལའང་ཆགས་མ་མྱོང
གཞུག་ན་གོམ་སྒྲ་དང་སྔུན་ན་ལག་བརྡ་མེད་ཀྱང

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།