གླིང་ཕྲན་ནི་རེ་སྒུག་སྲབ་མོ་སྲབ་མོ་དེ་རེད།


རླུང་གི་ཁ་གྲག་ཤེས་པའི་དུས་ཤིག་ལ
གནམ་གཤིས་ཀྱི་འགྱུར་བག་གཡོན་ལག་ཏུ་བཟུང་སྟེ
ཕྱེད་ཀ་གྲུབ་ཟིབ་པའི་ནམ་མཁའི་གསེབ་ནས
ས་ཆུ་མེ་རླུང་གི་འཇིག་པ་དང་བཟའ་བཅའ་ཡི་ཚབ་བྱེད་ཐུབ་པའི་བརྩེ་དུང་ནི་གཞི་ནས་འབབ་ལ་ཉེ་བའི་ཆར་བ་རུ་གྱུར
ལག་ཏུ་ཆར་གདུགས་ཐོགས་སྟེ་ནགས་ཚལ་འགུལ་བའི་རླབས་དང་གློག་དམར་གྱི་གསང་བ
རྡོ་བའི་སྲབ་མཐུག་གཞལ་བའི་ཚོད་ལྟ་དག་བཀག་སྟེ
ལོ་མ་རྙིད་པ་གཅིག་འཕུར་འོང་བར་ལྟ་དུས
ཆུང་དུས་ཀྱི་རྐང་རྗེས་མཆོད་རྟེན་ཞིག་གི་ཟོལ་གྱིའི་ཡར་འཕགས་བྱུང
མཆིན་པའི་སྟེང་ལ་སྒྲ་མེད་པར་ལྕག་ཚན་གྱི་བར་མེད་བསྣུན་པའི་ཡལ་ག་ལྟ་བུ་དེ
ཚགས་པར་སྟེང་གི་ཡིག་འབྲུ་བཞིན་ཐེར་ཚར་སྦར་ཚར་དུ་གཏོང་མི་ནུས་པའི་བུ་མོའི་ཞིག་གི་དྲན་པའི་བར་གནས་ན
ཆུ་ཐིགས་གླིང་ཕྲན་དུ་གྱུར གླིང་ཕྲན་ཆུ་ཐིགས་སུ་གྱུར
ཤྭ་འོད་དང་འཇའ་ཚོན་གྱི་བར་ན
ཡིད་ལ་འཆར་མ་ཐུབ་པའི་འཇིག་རྟེན་ཞིག་གྲུབ་ཚར་དུས
སྙིང་གཏམ་བརྗོད་མཁན་གྱི་མི་ང་ནི་ལྕགས་ཀྱི་ཡི་གེ་ཞིག་ཏུ་གྱུར་འདུག

ཕྱེད་ཀ་འགྱོད་གདུང་དང་ཕྱེད་ཀ་འདམ་བག་གི་ལྟེམས་དེ
སླར་ཡང་མི་ཧྲིལ་བོ་ཞིག་གྲུབ་ཚར་དུས
གླིང་ཕྲན་ནི་རེ་སྒུག་སྲབ་མོ་སྲབ་མོ་དེ་རེད

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླིང་ཕྲན་ནི་རེ་སྒུག་སྲབ་མོ་སྲབ་མོ་དེ་རེད།

2015-12-09 རླུང་བུ། ཀློག་གྲངས། མཆན ཡོད།


རླུང་གི་ཁ་གྲག་ཤེས་པའི་དུས་ཤིག་ལ
གནམ་གཤིས་ཀྱི་འགྱུར་བག་གཡོན་ལག་ཏུ་བཟུང་སྟེ
ཕྱེད་ཀ་གྲུབ་ཟིབ་པའི་ནམ་མཁའི་གསེབ་ནས
ས་ཆུ་མེ་རླུང་གི་འཇིག་པ་དང་བཟའ་བཅའ་ཡི་ཚབ་བྱེད་ཐུབ་པའི་བརྩེ་དུང་ནི་གཞི་ནས་འབབ་ལ་ཉེ་བའི་ཆར་བ་རུ་གྱུར
ལག་ཏུ་ཆར་གདུགས་ཐོགས་སྟེ་ནགས་ཚལ་འགུལ་བའི་རླབས་དང་གློག་དམར་གྱི་གསང་བ
རྡོ་བའི་སྲབ་མཐུག་གཞལ་བའི་ཚོད་ལྟ་དག་བཀག་སྟེ
ལོ་མ་རྙིད་པ་གཅིག་འཕུར་འོང་བར་ལྟ་དུས
ཆུང་དུས་ཀྱི་རྐང་རྗེས་མཆོད་རྟེན་ཞིག་གི་ཟོལ་གྱིའི་ཡར་འཕགས་བྱུང
མཆིན་པའི་སྟེང་ལ་སྒྲ་མེད་པར་ལྕག་ཚན་གྱི་བར་མེད་བསྣུན་པའི་ཡལ་ག་ལྟ་བུ་དེ
ཚགས་པར་སྟེང་གི་ཡིག་འབྲུ་བཞིན་ཐེར་ཚར་སྦར་ཚར་དུ་གཏོང་མི་ནུས་པའི་བུ་མོའི་ཞིག་གི་དྲན་པའི་བར་གནས་ན
ཆུ་ཐིགས་གླིང་ཕྲན་དུ་གྱུར གླིང་ཕྲན་ཆུ་ཐིགས་སུ་གྱུར
ཤྭ་འོད་དང་འཇའ་ཚོན་གྱི་བར་ན
ཡིད་ལ་འཆར་མ་ཐུབ་པའི་འཇིག་རྟེན་ཞིག་གྲུབ་ཚར་དུས
སྙིང་གཏམ་བརྗོད་མཁན་གྱི་མི་ང་ནི་ལྕགས་ཀྱི་ཡི་གེ་ཞིག་ཏུ་གྱུར་འདུག

ཕྱེད་ཀ་འགྱོད་གདུང་དང་ཕྱེད་ཀ་འདམ་བག་གི་ལྟེམས་དེ
སླར་ཡང་མི་ཧྲིལ་བོ་ཞིག་གྲུབ་ཚར་དུས
གླིང་ཕྲན་ནི་རེ་སྒུག་སྲབ་མོ་སྲབ་མོ་དེ་རེད

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།