ལྷིང་འཇགས་ཀྱི་རྩེད་ར།

ཐོ་ཡོར།༼ དཀར་མཛེས ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-01-03


ཡུན་རིང་གི་འཁྱམ་ཉུལ་གྱི་རྗེས་སུ
ན་ཟུག་གིས་ཁེངས་པའི་རང་ཉིད་ཀྱི་ངོ་གདོང་ལ་ཆག་ཀྲུམ་ཤོར
འགོག་ཐབས་བྲལ་བའི་རང་དབང་བཞིན

ཁེར་རྐྱང་གི་ཡལ་གའི་སྟེང་གི་དུས་ཚོད་དང་ཚེ་སྲོག
རྨ་ཁའི་ཁྲོད་དུ་འཇམ་ཐིང་ངེར་གནས
ཉི་འོད་ཕོག་དཀའ་བའི་ཐང་སྟོང་ཞིག་ནས
ངག་མི་སྨྲ་བར་ངལ་གསོ་ཕྲན་ཙམ་བརྒྱབ་པ
མི་ལོ་མང་པོའི་རྗེས་ཀྱི་ཉེས་པ་བཤགས་པ་ཡིན

བྱེ་ཐང་གི་ཆུ་མིག་ཏུ་བྱ་རྒོད་ཀྱིས་ལྡིང་སྐོར་རྒྱག་པ་ལ་ཅེར་ནས
ང་རང་ཉི་མའི་ཁ་གཏད་དུ་གཅེར་བུར་བུད
ཡུལ་ལ་ལོག་ཐབས་མེད་པའི་ཇག་པ་བཞིན
མི་འགྱངས་པར་མཐོང་ཐབས་བྲལ་བའི་རྩེད་ར་དེ
བརྩེ་བའི་མིག་ཟུང་ལས་འཁྱག་རོམ་དུ་འགྱུར་ངེས

ཚེས་བཅོ་ལྔའི་ཟླ་བར་བརྟེན་ནས་ངས་འཇིག་རྟེན་གྱི་ཕྱེད་ཀ་མཐོང་སོང
འཆི་བ་མཐོང་སོང   འཇིག་ཚར་བའི་སྐྱེ་བ་ནི
ང་ཡི་མི་ལོ་ཉི་ཤུས་ཁྱེར་སོང་བའི་ཁེར་རྐྱང་གི་གླིང་ཕྲན་དེ་ཡིན

གོམ་པ་སྤོ་མཚམས་འདིར་ཐོན་དུས་ང་རང་རྐང་རྗེན་དུ་ཕྱིར་ལོག་འདོད
འཆི་བའི་གསེབ་ཀྱི་ངོ་གདོང་རེའི་ཚབ་ཏུ་མེ་ཏོག་རེ་བཞག
ཡིན་ནའང  སྐུད་པ་ཆད་པའི་ཤོག་བྱའི་གྲིབ་མའི་འོག་ཏུ
དུས་ཚོད་ནི་འགུལ་ཙམ་ཡང་མི་བྱ

                           2015.7.7.ཉིན་གསེར་ཐང་ནས་བྲིས། 


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷིང་འཇགས་ཀྱི་རྩེད་ར།

2016-01-03 ཐོ་ཡོར།༼ དཀར་མཛེས ༽ ཀློག་གྲངས། མཆན ཡོད།


ཡུན་རིང་གི་འཁྱམ་ཉུལ་གྱི་རྗེས་སུ
ན་ཟུག་གིས་ཁེངས་པའི་རང་ཉིད་ཀྱི་ངོ་གདོང་ལ་ཆག་ཀྲུམ་ཤོར
འགོག་ཐབས་བྲལ་བའི་རང་དབང་བཞིན

ཁེར་རྐྱང་གི་ཡལ་གའི་སྟེང་གི་དུས་ཚོད་དང་ཚེ་སྲོག
རྨ་ཁའི་ཁྲོད་དུ་འཇམ་ཐིང་ངེར་གནས
ཉི་འོད་ཕོག་དཀའ་བའི་ཐང་སྟོང་ཞིག་ནས
ངག་མི་སྨྲ་བར་ངལ་གསོ་ཕྲན་ཙམ་བརྒྱབ་པ
མི་ལོ་མང་པོའི་རྗེས་ཀྱི་ཉེས་པ་བཤགས་པ་ཡིན

བྱེ་ཐང་གི་ཆུ་མིག་ཏུ་བྱ་རྒོད་ཀྱིས་ལྡིང་སྐོར་རྒྱག་པ་ལ་ཅེར་ནས
ང་རང་ཉི་མའི་ཁ་གཏད་དུ་གཅེར་བུར་བུད
ཡུལ་ལ་ལོག་ཐབས་མེད་པའི་ཇག་པ་བཞིན
མི་འགྱངས་པར་མཐོང་ཐབས་བྲལ་བའི་རྩེད་ར་དེ
བརྩེ་བའི་མིག་ཟུང་ལས་འཁྱག་རོམ་དུ་འགྱུར་ངེས

ཚེས་བཅོ་ལྔའི་ཟླ་བར་བརྟེན་ནས་ངས་འཇིག་རྟེན་གྱི་ཕྱེད་ཀ་མཐོང་སོང
འཆི་བ་མཐོང་སོང   འཇིག་ཚར་བའི་སྐྱེ་བ་ནི
ང་ཡི་མི་ལོ་ཉི་ཤུས་ཁྱེར་སོང་བའི་ཁེར་རྐྱང་གི་གླིང་ཕྲན་དེ་ཡིན

གོམ་པ་སྤོ་མཚམས་འདིར་ཐོན་དུས་ང་རང་རྐང་རྗེན་དུ་ཕྱིར་ལོག་འདོད
འཆི་བའི་གསེབ་ཀྱི་ངོ་གདོང་རེའི་ཚབ་ཏུ་མེ་ཏོག་རེ་བཞག
ཡིན་ནའང  སྐུད་པ་ཆད་པའི་ཤོག་བྱའི་གྲིབ་མའི་འོག་ཏུ
དུས་ཚོད་ནི་འགུལ་ཙམ་ཡང་མི་བྱ

                           2015.7.7.ཉིན་གསེར་ཐང་ནས་བྲིས། 


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།