ང་རང་གཏོང་རོགས་ཞུ།

ངར་ལྕགས་ཀྱིས་སྙིང་ཚིལ་ཡང་ཡང་བཞུས་པ་དེས
འབྱུང་ཁམས་ཀྱི་རི་མོ་བསུབས་པ་ཞིག་ག་ལ་ཡིན
ངལ་དུབ་མཐའ་དག་གི་མནར་གཅོད་ཀྱི་ཞིང་ས་ནག་པོ
ང་རང་རྒས་ཏེ་སླར་ཡང་གཞོན་པར་ཆགས་ས་ཡིན་པས
རྨི་ལམ་གྱི་དུར་ས་དང་རེ་སྙེག་གི་གྲམ་པ་སྐྱ་བོ་དེ་རུ
ཁྱོད་རང་སྐར་ཆ་རེ་རེའི་གྲིབ་མར་འདྲེས་ནས
ངའི་ཞི་འཇམ་གྱི་འཕར་རྩ་མི་གཅོད་རོགས

ཁ་དོག་མེད་པའི་ལམ་སྣེ་དེ་སྤྲིན་པར་ཟུག་འདུག
ཉི་ཟླས་རྩུབ་བརྡར་གྱི་རྡུལ་འཚུབ་ཁྲོད་དུ
དྲག་ཆར་བཞིན་བབས་པའི      བྱེའུ་མང་བཞིན་བབས་པའི
དྲན་གདུང་དང་སུན་སྣང་གི་མདའ་མོ་ཁྲི་སྟོང
ངའི་ལུས་ཀྱི་ཕྲ་ཕུང་རེ་རེ་ལ་དྲག་ཏུ་ཕོག་སོང
ཡིན་ནའང      སྡིག་སྒྲིབ་ཀྱི་སང་ཉིན་ནི
དོན་གྱིས་སུ་ཞིག་གི་ཞོགས་པ་ཡིན་ནམ

མངོན་ལྐོག་གི་ཐིག་དམར་སེམས་སུ་འཐེན་ནས
ས་སྲོད་ཀྱི་འཆི་བ་ལ་བྲང་ཁ་གླན་དུས     བྱ་གླག་ཅིག
ངའི་མིག་གི་བར་སྟོང་བརྒྱུད་དེ་འཕུར་ཕྱིན
ཁྲག་གི་ཟེགས་མ     ཡང་ན    རུས་པའི་ཐལ་བ་སོགས
སྙིང་ཉེ་བའི་ཡིག་འབྲུ་དག་གི་ནམ་མཁའ་རུ་འཕྱོ

མཚན་མོ་ཞིག་གློ་བུར་དུ་མཚན་མོ་གཞན་ཞིག་ལ་ཐིམ
ཕྱི་རོལ་གྱི་འཇིགས་སྐྲག་ཡོད་ཚད་ཀྱང་རྒྱབ་གཟུགས་སུ་བརྐོས
འདི་ནི་སྲུང་འཁོར་ལྟ་བུའི་ཉིན་ཐོ་ཞིག་ཡིན་ཏེ
ཁྱོད་རང་ནད་རྙིང་གིས་མགོ་ཡོམ་འཁོར་སྐབས་དེར
རླུང་བུ་ནག་པོ་ཞིག་ཁྱོད་ཀྱི་སྐ་རགས་སུ་བཅིངས་འདུག

འོད་ཟེར་སྣ་ཚོགས་ཀྱི་གཟེབ་དྲ་མང་ནའང     ང་རང
ཁ་དབུགས་ཀྱི་ངོ་བོར་བྲིས་པའི་ལྡེབས་རིས་དེ་ཡིན་པས
མུན་ནག་གི་ཀློང་ནས་བརྡོལ་བའི་གླུ་སྐད་གཉོམ་པོ
ཆེས་དྭངས་གཙང་གི་བྲག་ཅར་ཡང་ཡང་འཁོར
འདི་ནི་ཚེ་སྲོག་གི་དབྱངས་རྟ་ཞིག་ཡིན       འོན་ཀྱང
འགྲེལ་བཤད་རྒྱག་མ་ཐུབ་པ་དེ་དག    དེ་དག     དེ་དག

                                                           2015.8.26མཚན་མོར་ཁམས་ནས་སྦྱར།   

                                                                               རྩོམ་སྒྲིག་པ། སྐྱ་བོ།

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རང་གཏོང་རོགས་ཞུ།

2016-02-02 གདོན་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།