གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ལ་སྨུག་པ་འཐིབ་དུས།

2016-03-15 14:10:07 སྙུག་བཅུད་ལེན། ཀློག་གྲངས། མཆན ཡོད།


མི་སྣང་བར་གྱུར་པའི་གམ་གྱི་དེ་དག
ཡང་ན་གཟུགས་སུ་གྲུབ་ཡོང་བ་ལྟ་བུའི་སྨུག་རྒྱུ་རབ་རིབ
རྒྱང་རིང་རྒྱང་རིང་ཞིག་ན་ཅིག་ཡོད་ཡོད་འདྲ་བ
མེ་ལོང་གིས་ཟིན་དུ་མི་ནུས་ཀྱང
ལག་པ་རིང་མོ་འདི་བསྲིང་བས་ཀྱང་རེག་རྒྱུ་མེད་པ

བྲག་རི་དང་རྫ་རི  གཡའ་རི
ནགས་ཚལ་མཐའ་དག་རབ་རིབ་ཀྱིས་སྦངས་བའི་འཇིག་རྟེན་འདི
སྐད་ཆ་གཡའ་དག་པ་དག   མངོན་འདོད་སྐྱ་ཡངས་ངེ་དག
མིག་གོང་ནས་འཕྱུར་མ་ཐུབ་པའི་སེམས་ཀྱི་རྒྱ་མཚོ
ག་རེ་གཏོང་དགོས་པ་རེད     ག་རེ་གཏོང་དགོས་པ་རེད

ཡོད་ཚད་མེ་ལོང་གི་ཡོལ་ངོས་སུ་འཆར་ཡོང་བའི་དྲ་བ་དྲ་བྱེད
སྐྱག་པ་དང་ལག་པའི་གོ་འབྱེད་མི་ནུས་པའི་གཙང་བོའི་རླབས་སྒྲ
རྣ་ལ་གཟན་པའི་སྒྲ་མེད་ཀྱི་གྲིབ་གཟུགས་ཐ་དག་ཨང

ང་ནི་འཇིག་རྟེན་འདིའི་མགྲོན་པོ་ཡིན
ཁྱེད་ཀྱི་གནས་སྐབས་ཙམ་གྱི་གྲོགས་པོ་ཡིན
ཉི་འོད་འདི་འཇགས་རྗེས   ང་ནི་སུས་ཀྱང་རེག་ཏུ་མི་ནུས
མཚན་མོ་འདི་བརྒལ་རྗེས
ང་ལ་རླངས་པ་རབ་རིབ་ཅིག་ལས་རྐང་རྗེས་ཅི་ཡང་ཡོད་མི་སྲིད

                         2015/10/2  ཉིན་པེ་ཅིང་དུ།

                                                                  རྩོམ་སྒྲིག་པ། དབང་མོ།

                                               
                                  
        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།