གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་རིག་ཁམས།༼ ཞར་བཀོད་གཅིག་ཡོད ༽

2016-03-28 14:38:34 རྡོ།༼ རྨ་ཆུ ༽ ཀློག་གྲངས། མཆན ཡོད།

image1.JPG

སྒྱུ་མ་མཁན་གྱི་མངལ་ལས་ལྷུང་བའི
ཟག་བཅས་ཀྱི་ཕུང་བོ་རྩེད་སའི
མེ་ཏོག་གི་འདབ་མ་ལྟ་བུའི
རྒྱང་རིང་ངམ་ཐག་ཉེ
རྨི་ལམ་གྱི་བསླུ་བ
སྐད་ཅིག་མ

ཚོར་བའི་རི་མོ
བྱེ་ཐང་གི་རྐང་ལམ
རྣོ་དབལ་གྱི་ཕོ་བྲང་ནང་གི
གསལ་ལ་མི་གསལ་བའི་གྲིབ་མ
ཡར་ཡོར་འགུལ་བའི་རྣམ་ཤེས་ནག་པོ
ག་ལེར་གཞན་ལ་དབང་བའི་སྡིག་སྒྲིབ་ཀྱི་ཆོས

                               མི

སིལ་ཏོག་ཅིག་རུལ་སོང་བའི་སྟེང་ན
འབུ་སྲིན་གྱི་མཆུ་དང་སྡེར་མོ་རྩེན

ཡན་ལག་ཆད་པའི་སྡོང་བོ
གཅེར་བུར་མངོན་པའི་གཟུགས

གྲིབ་མའི་སྐྱེས་རབས་ཀྱི་གླེགས་བམ
སབ་སོབ་ཀྱི་རྡུལ་ལས་མངོན

ཨར་འདམ་གྱི་གྱང་ངོས་སུ་དཔྱངས་པའི
དུས་ཚོད་ཀྱི་ཆོ་ངེ་ཕྱི་ལ་མཆེད

སྣང་བའི་རྒྱབ་གཟུགས་ལས
ཁ་བ་ནག་པོ་བྱང་ཐང་ལ་བྱེར


                                                                                                                   
རྩོམ་སྒྲིག་པ། དབང་མོ།

                                                                                 
                                                                                                   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།