ང་དང་ངའི་མི།


གྲིབ་མ་གྲིབ་མ་ལ་ཅེར་བའི
ང་དང་ངའི་མི
བྱིས་དུས་ལྟར་མཛེས་པའི་རྨི་ལྟས་དེ་དག
འཇའ་ཚོན་ལྟར་མེད་པར་འགྲོ་བ་དེ
རྨི་ལམ་མ་ཡིན་པར
དག་གཙང་ཡོང་པར
བདག་གི་ཅི་དགར་བྱེད་ཆོག་པར་ཞུ

མཚན་མོའི་ཉ་ཟླ་བཞིན་གང་ཞིག་ནས་ཟག་འགྲོ་བའི
ང་དང་ངའི་མི་
འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་འདི་དག
འཇིག་རྟེན་དང་འཇིག་རྟེན་ལ་ཆགས་པ་དེ
བདེ་བར་སྙམ་བཞིན
རྟག་པར་འདོད་བཞིན
བདག་གིས་དུས་གང་ལ་འང་བཀོལ་ཆོག་པར་ཞུ

གཙང་བོའི་ཕ་རོལ་ཏུ་གཙེས་པའི
ང་དང་ངའི་མི་
རྒྱུ་དང་འབྲས་བུ་ལས་སོན་པའི
སྐྱོ་ཡུས་ཟད་པོ་ཟད་པོ་དེ་དག
ལག་ནང་གི་སྐྱུ་རུ་ར་བཞིན
དྲི་མ་མེད་པར
གཡའ་དག་པར
བདག་གི་ཅི་དགར་ངོམ་ཆོག་པར་ཞུ

དུས་གསུམ་ལ་སྐགས་རྩི་བྱུག་པའི
ང་དང་ངའི་མི
མིག་ཆུ་དང་ཁྲག་དྲི་ཐུལ་ཏེ
བར་སྣང་གི་སྙིང་ཆུང་བཞིན
སྙིང་ཉེ་བར
ཡིད་རྟོན་པར
བདག་ལ་གཏན་དུ་དབང་ཆོག་པར་ཞུ

སྲང་བར་ན་གད་སྙིགས་བཞིན་མོད་པའི
ང་དང་ངའི་མི
དར་ལྕོག་ལྟར་ཟད་འགྲོ་བ་འདི་དག
ཆར་རླུང་བཞིན་སྐམ་པ་དེ
རིན་ཐང་ཡོད་པར
དགའ་སྐྱོ་ལྡན་པར
བདག་དང་མཉམ་དུ་གནས་ཆོག་པར

ལོ་ཟླའི་སྒེའུ་འགྲམ་ན་འཚང་བའི
ང་དང་ངའི་མི
ཞིག་རལ་ཏུ་གྱུར་བའི་ལུས་པོ་ཡོད་ཚད
ཁྱོད་ཀྱི་སྐྲ་ལོ་ལྟར་ཐོར་བ་དེ
མཛེས་སྡུག་མ་ཡལ་པར
ཡིད་དབང་ཚིམས་པར
བདག་གི་མི་ཟུང་ལྟར་གཅེས་ཆོག་པར་ཞུ

གཙང་བོའི་རླབས་སྒྲ་ལྟར་འཇིགས་པའི
ང་དང་ངའི་མི
ཉོན་སྒྲིབ་དང་སྡིག་སྒྲིག་ཀྱིས་ཟིན་པ་འདི་དག
ཉེས་ཅན་གྱི་བཙོན་པ་དེ
དཀར་ངོགས་དག་ལ་མ་གྱེས་པར
ཁ་ཁུ་སིམ་པོར
བདག་གིས་ཟས་སྤྱོད་བཞིན་བསྟེན་ཆོག་པར་ཞུ

གདོང་དྲེག་ཆགས་པའི་ཐོ་ཡོལ་འགའ་རེ
ང་དང་ངའི་མི
སྐྱི་གཡའ་ཞིང་བཙའ་ཚགས་པའི་སེམས་པ་འདི་དག
སྟོན་འཇུག་ལྟར་ཟ་ཟི་བྱེད་པ་དེ
ཞེན་ཆགས་ཀྱི་རླུང་བུ་མེད་པར
འཁོན་སེམས་མེད་པར
བདག་གི་ལང་ཚོ་བཞིན་འཕྱོར་འགྲོས་བྱེད་ཆོག་པར་ཞུ

བདག་གི་མི
ང་དང་ངའི་མི་ལགས
དུས་གཏན་དུ་མཉམ་དུ་གནས་ཆོག་པར་ཞུ

ང་དང་ངའི་མི་ལགས
སྐྱོ་ཡུས་དང་ན་ཟུག་དག
ནག་ནོག་དང་སྡིག་པ་རྣམས
སྟོང་བ་ཉིད་དུ་གྱུར་ཅིག

                ༢༠༡༦/༢/༢༩ཉིན་ཕ་ཡུལ་ནས་བྲིས།


                                                                   རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་ངའི་མི།

2016-04-28 འབྲོག་ཤེས་རབ། ཀློག་གྲངས། མཆན ཡོད།


གྲིབ་མ་གྲིབ་མ་ལ་ཅེར་བའི
ང་དང་ངའི་མི
བྱིས་དུས་ལྟར་མཛེས་པའི་རྨི་ལྟས་དེ་དག
འཇའ་ཚོན་ལྟར་མེད་པར་འགྲོ་བ་དེ
རྨི་ལམ་མ་ཡིན་པར
དག་གཙང་ཡོང་པར
བདག་གི་ཅི་དགར་བྱེད་ཆོག་པར་ཞུ

མཚན་མོའི་ཉ་ཟླ་བཞིན་གང་ཞིག་ནས་ཟག་འགྲོ་བའི
ང་དང་ངའི་མི་
འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་འདི་དག
འཇིག་རྟེན་དང་འཇིག་རྟེན་ལ་ཆགས་པ་དེ
བདེ་བར་སྙམ་བཞིན
རྟག་པར་འདོད་བཞིན
བདག་གིས་དུས་གང་ལ་འང་བཀོལ་ཆོག་པར་ཞུ

གཙང་བོའི་ཕ་རོལ་ཏུ་གཙེས་པའི
ང་དང་ངའི་མི་
རྒྱུ་དང་འབྲས་བུ་ལས་སོན་པའི
སྐྱོ་ཡུས་ཟད་པོ་ཟད་པོ་དེ་དག
ལག་ནང་གི་སྐྱུ་རུ་ར་བཞིན
དྲི་མ་མེད་པར
གཡའ་དག་པར
བདག་གི་ཅི་དགར་ངོམ་ཆོག་པར་ཞུ

དུས་གསུམ་ལ་སྐགས་རྩི་བྱུག་པའི
ང་དང་ངའི་མི
མིག་ཆུ་དང་ཁྲག་དྲི་ཐུལ་ཏེ
བར་སྣང་གི་སྙིང་ཆུང་བཞིན
སྙིང་ཉེ་བར
ཡིད་རྟོན་པར
བདག་ལ་གཏན་དུ་དབང་ཆོག་པར་ཞུ

སྲང་བར་ན་གད་སྙིགས་བཞིན་མོད་པའི
ང་དང་ངའི་མི
དར་ལྕོག་ལྟར་ཟད་འགྲོ་བ་འདི་དག
ཆར་རླུང་བཞིན་སྐམ་པ་དེ
རིན་ཐང་ཡོད་པར
དགའ་སྐྱོ་ལྡན་པར
བདག་དང་མཉམ་དུ་གནས་ཆོག་པར

ལོ་ཟླའི་སྒེའུ་འགྲམ་ན་འཚང་བའི
ང་དང་ངའི་མི
ཞིག་རལ་ཏུ་གྱུར་བའི་ལུས་པོ་ཡོད་ཚད
ཁྱོད་ཀྱི་སྐྲ་ལོ་ལྟར་ཐོར་བ་དེ
མཛེས་སྡུག་མ་ཡལ་པར
ཡིད་དབང་ཚིམས་པར
བདག་གི་མི་ཟུང་ལྟར་གཅེས་ཆོག་པར་ཞུ

གཙང་བོའི་རླབས་སྒྲ་ལྟར་འཇིགས་པའི
ང་དང་ངའི་མི
ཉོན་སྒྲིབ་དང་སྡིག་སྒྲིག་ཀྱིས་ཟིན་པ་འདི་དག
ཉེས་ཅན་གྱི་བཙོན་པ་དེ
དཀར་ངོགས་དག་ལ་མ་གྱེས་པར
ཁ་ཁུ་སིམ་པོར
བདག་གིས་ཟས་སྤྱོད་བཞིན་བསྟེན་ཆོག་པར་ཞུ

གདོང་དྲེག་ཆགས་པའི་ཐོ་ཡོལ་འགའ་རེ
ང་དང་ངའི་མི
སྐྱི་གཡའ་ཞིང་བཙའ་ཚགས་པའི་སེམས་པ་འདི་དག
སྟོན་འཇུག་ལྟར་ཟ་ཟི་བྱེད་པ་དེ
ཞེན་ཆགས་ཀྱི་རླུང་བུ་མེད་པར
འཁོན་སེམས་མེད་པར
བདག་གི་ལང་ཚོ་བཞིན་འཕྱོར་འགྲོས་བྱེད་ཆོག་པར་ཞུ

བདག་གི་མི
ང་དང་ངའི་མི་ལགས
དུས་གཏན་དུ་མཉམ་དུ་གནས་ཆོག་པར་ཞུ

ང་དང་ངའི་མི་ལགས
སྐྱོ་ཡུས་དང་ན་ཟུག་དག
ནག་ནོག་དང་སྡིག་པ་རྣམས
སྟོང་བ་ཉིད་དུ་གྱུར་ཅིག

                ༢༠༡༦/༢/༢༩ཉིན་ཕ་ཡུལ་ནས་བྲིས།


                                                                   རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།