གྲོང་རྡལ་འདི།

སད་ན་ལེགས།༼ དར་མདོ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-06-28


མཚན་ལྗོངས་ཀྱི་སྨག་རུམ་དེ
མི་བོ་ཆེ་ཞིག་གི་སྟོད་གཡོགས་དང་འདྲ་བར
མཐའ་འཁོར་གྱི་ཡོད་ཚད་ནང་དུ་བཅུག
སྲང་ལམ་ན་ཟ་མ་ཟིམ་དུ་དཔྱངས་པའི་གློག་སྒྲོན་དག་ཀྱང
མཚན་གོང་དུ་ཁྱོ་ག་སྒུག་པའི་ཆུང་མ་དག་དང་འདྲ་བར   གཉིད་མ་སད

རླུང་ནི་ནི་འདྲེ་ཡིས་བདས་པ་ལྟར
སྲང་ལམ་གྱི་སྣེ་གཉིས་ཀྱི་ཁང་ཆག་ཁྲོད་ནས་ཕར་རྒྱུག་ཚུར་རྒྱུག་གིས
སྐབས་རེར་ཡིད་སྤྲོ་བའི་གླུ་དབྱངས་ལེན་ལ
སྐབས་རེར་ཉམ་ཐག་པའི་སྨྲེ་ངག་འདོན

ཁྱི་རྒན་དག་རྔ་མ་བོར་བའི་སྡུག་བསྔལ་གྱིས
གང་སར་ཉུལ་ནས་ཀུ་ཅོ་འདོན
གད་སྙིགས་ཀྱི་གསེབ་ཏུ་ཉུལ་དྲགས་པས
ཐ་མར་དེ་དག་གིས་རྔ་མ་བརྗེད་དེ
གད་སྙིགས་ཀྱི་ཁྲོད་ནས་གད་སྙིགས་སུ་གྱུར་སོང
དེ་ནི་གསར་བ་གསར་རྐྱང་གི
ཏར་ཝུན་གྱི་འཕེལ་འགྱུར་རིག་པ་ཞིག་ལགས

                                                       རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་རྡལ་འདི།

2016-06-28 སད་ན་ལེགས།༼ དར་མདོ ༽ ཀློག་གྲངས། མཆན ཡོད།


མཚན་ལྗོངས་ཀྱི་སྨག་རུམ་དེ
མི་བོ་ཆེ་ཞིག་གི་སྟོད་གཡོགས་དང་འདྲ་བར
མཐའ་འཁོར་གྱི་ཡོད་ཚད་ནང་དུ་བཅུག
སྲང་ལམ་ན་ཟ་མ་ཟིམ་དུ་དཔྱངས་པའི་གློག་སྒྲོན་དག་ཀྱང
མཚན་གོང་དུ་ཁྱོ་ག་སྒུག་པའི་ཆུང་མ་དག་དང་འདྲ་བར   གཉིད་མ་སད

རླུང་ནི་ནི་འདྲེ་ཡིས་བདས་པ་ལྟར
སྲང་ལམ་གྱི་སྣེ་གཉིས་ཀྱི་ཁང་ཆག་ཁྲོད་ནས་ཕར་རྒྱུག་ཚུར་རྒྱུག་གིས
སྐབས་རེར་ཡིད་སྤྲོ་བའི་གླུ་དབྱངས་ལེན་ལ
སྐབས་རེར་ཉམ་ཐག་པའི་སྨྲེ་ངག་འདོན

ཁྱི་རྒན་དག་རྔ་མ་བོར་བའི་སྡུག་བསྔལ་གྱིས
གང་སར་ཉུལ་ནས་ཀུ་ཅོ་འདོན
གད་སྙིགས་ཀྱི་གསེབ་ཏུ་ཉུལ་དྲགས་པས
ཐ་མར་དེ་དག་གིས་རྔ་མ་བརྗེད་དེ
གད་སྙིགས་ཀྱི་ཁྲོད་ནས་གད་སྙིགས་སུ་གྱུར་སོང
དེ་ནི་གསར་བ་གསར་རྐྱང་གི
ཏར་ཝུན་གྱི་འཕེལ་འགྱུར་རིག་པ་ཞིག་ལགས

                                                       རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།