ཁྱེད་རང་དྲན་པའི་མཚན་མོ་དེར།

རྡེའུ་དཀར་ནག༼ པེ་ཅིང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-07-29

IMG_0224.JPG

ཁྱེད་ཀྱི་འཇམ་མཉེན་རོལ་དབྱངས་ཁྲོད་དུ།
ཡིད་སེམས་སྨྲེང་ལ་བསྐུར་བའི་གཞས་ཆུང་དེ་ད་དུང་ཨེ་ཡོད།
ཚོམ་བུར་བཞད་པའི་མེ་ཏོག་གི་འཇིག་རྟེན་དུ།
ཡུལ་རྒྱན་མེ་ཏོག་གི་འཛུམ་མདངས་ད་དུང་ལྷུག་པོར་གྲོལ་ཡོད་དམ།
ཆར་བ་མོད་པའི་མཚན་གཞུང་དེར།
ཁྱེད་རང་དྲན།

……

ཁྱེད་ཀྱི་མཐོ་ལ་བརྗིད་པའི་མྱོས་བུམ་ཟུང་གི་འཇིག་རྟེན་ན།
ང་ལ་བསྐོལ་བའི་འོ་ཇ་མངར་མོའི་དྲི་ཞིམ་སྔར་བཞིན་ལྡང་ངམ།
ཁྱེད་ཀྱི་དྲོ་ཞིང་འཇམ་པའི་རུམ་ཁོང་ན།
ད་དུང་ངའི་རྟ་མཆོག་འཕུར་མཆོངས་བྱེད་སའི་རྩྭ་ཐང་ཨེ་ཡོད།
ཁུ་ཁུ་སིམ་སིམ་གྱི་མཚན་གཞུང་དེར།
ཁྱེད་རང་དྲན།

……

ཁྱེད་ཀྱི་དྭངས་གཙང་གི་རེ་སྒུག་ཁྲོད་དུ།
ང་ལ་བསྐྱུར་བའི་འཚེར་སྣང་ལུས་ཡོད་དམ།
ཁྱེད་ཀྱི་གཅེས་སུ་རུང་བའི་སེམས་ཀྱི་རྒྱབ་ལྗོངས་སུ།
ང་ལ་བསྐྱུར་བའི་འབོད་པ་ཨེ་ཡོད།
རླུང་གིས་ཟླ་བ་སྐྱོམས་པའི་མཚན་མོ་དེར།
ཁྱེད་རང་དྲན།

……

ངས་སྐྱོ་གླུའི་དབྱངས་རྟ་ངག་ལ་འགུག་བཞིན།
ཁྱེད་ཀྱི་འཇིག་རྟེན་དུ་བདེ་བར་བཟི་ཡོད།
ཁྱེད་རང་དྲན་པོའི་མཚན་མོ་དེར།

                           2016/7/17ཚང་ཀྲོའུ་རུ་བྲིས།
                               2016/7/21པེ་ཅིང་དུ་བཅོས།


                                                                  རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་རང་དྲན་པའི་མཚན་མོ་དེར།

2016-07-29 རྡེའུ་དཀར་ནག༼ པེ་ཅིང ༽ ཀློག་གྲངས། མཆན ཡོད།

IMG_0224.JPG

ཁྱེད་ཀྱི་འཇམ་མཉེན་རོལ་དབྱངས་ཁྲོད་དུ།
ཡིད་སེམས་སྨྲེང་ལ་བསྐུར་བའི་གཞས་ཆུང་དེ་ད་དུང་ཨེ་ཡོད།
ཚོམ་བུར་བཞད་པའི་མེ་ཏོག་གི་འཇིག་རྟེན་དུ།
ཡུལ་རྒྱན་མེ་ཏོག་གི་འཛུམ་མདངས་ད་དུང་ལྷུག་པོར་གྲོལ་ཡོད་དམ།
ཆར་བ་མོད་པའི་མཚན་གཞུང་དེར།
ཁྱེད་རང་དྲན།

……

ཁྱེད་ཀྱི་མཐོ་ལ་བརྗིད་པའི་མྱོས་བུམ་ཟུང་གི་འཇིག་རྟེན་ན།
ང་ལ་བསྐོལ་བའི་འོ་ཇ་མངར་མོའི་དྲི་ཞིམ་སྔར་བཞིན་ལྡང་ངམ།
ཁྱེད་ཀྱི་དྲོ་ཞིང་འཇམ་པའི་རུམ་ཁོང་ན།
ད་དུང་ངའི་རྟ་མཆོག་འཕུར་མཆོངས་བྱེད་སའི་རྩྭ་ཐང་ཨེ་ཡོད།
ཁུ་ཁུ་སིམ་སིམ་གྱི་མཚན་གཞུང་དེར།
ཁྱེད་རང་དྲན།

……

ཁྱེད་ཀྱི་དྭངས་གཙང་གི་རེ་སྒུག་ཁྲོད་དུ།
ང་ལ་བསྐྱུར་བའི་འཚེར་སྣང་ལུས་ཡོད་དམ།
ཁྱེད་ཀྱི་གཅེས་སུ་རུང་བའི་སེམས་ཀྱི་རྒྱབ་ལྗོངས་སུ།
ང་ལ་བསྐྱུར་བའི་འབོད་པ་ཨེ་ཡོད།
རླུང་གིས་ཟླ་བ་སྐྱོམས་པའི་མཚན་མོ་དེར།
ཁྱེད་རང་དྲན།

……

ངས་སྐྱོ་གླུའི་དབྱངས་རྟ་ངག་ལ་འགུག་བཞིན།
ཁྱེད་ཀྱི་འཇིག་རྟེན་དུ་བདེ་བར་བཟི་ཡོད།
ཁྱེད་རང་དྲན་པོའི་མཚན་མོ་དེར།

                           2016/7/17ཚང་ཀྲོའུ་རུ་བྲིས།
                               2016/7/21པེ་ཅིང་དུ་བཅོས།


                                                                  རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།