དབྱར་སྟག་ཟླའི་ནང་གི་རྟ་རྒོད་རྐྱང་ངེ་།


ཁྱོད་ཀྱིས་ཟླ་འོད་ཀྱི་གསེབ་ཏུ་ལུས་པའི། 
འཆི་བའི་ལྡེ་མིག་ལྗང་ཁུ་དེ་བླངས་ཤིང་། 
ང་ཡི་བྲང་གཞུང་གི་སྤང་རྒོད་ལ།
རྣོ་གྲི་ཕྲ་མོས་ཕྲ་ཀོང་འགའ་ཡི་འཚོ་གནས་ཀྱི་གཞིས་ཀ་བསྐྲུན་ཏེ།
ང་ལ་གསོན་པའི་གནས་ལུགས་བརྒྱ་སྟོང་བཤད།
ང་ཡང་དེ་ལ་ཞེན་པ་ཨེན་ཙམ་སྐྱེས་པས།
ཁྱོད་ཀྱི་ཕྱོགས་སུ་ལྟ་ཙམ་བྱས།

དུས་ཚོད་ཀྱི་སྔ་མ་རིང་བོ།
དུག་སྦྲུལ་བཞིན་དུ་ལུས་ལ་འཁྱུད་ཅིང་།
མཚོ་གཏིང་གི་གཡུ་དང་བྱུ་རུ།
ང་ཡི་བྲང་གི་ཕྲ་ལ་བཏབ།
བདེ་སྐྱིད་ཅེས་པའི་བེམ་པོ་ནག་པོ་དེ།
གཡའ་དང་སྤང་གི་མཚམས་ནས་དུར་ལ་བཅུག

ཁྱོད་ཀྱི་རྔོག་ཆུང་འབར་བའི་དུས་ཚིགས་རེ་རེ་དང་།
མཁུར་མགོའི་མིག་ཆུའི་རྡོག་པ་རེ་ཡིས།
ཁྱོད་རང་ད་དུང་གསོན་འདུག་ཅེས།
སེམས་ཁྲལ་གྱི་འབོད་པ་མང་པོ་གནང་ཡང་།
འཆི་བའི་ལྡེ་མིག་ནར་ནར་དེས།
མུན་པའི་ཟོལ་གྱིས་དེད་ནས་ཡོང་།

              ༢༠༡༦ལོའི་ཟླ་༧པའི་ཚེས་༢༧དགོང་མོར།


                                                                                           རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱར་སྟག་ཟླའི་ནང་གི་རྟ་རྒོད་རྐྱང་ངེ་།


ཁྱོད་ཀྱིས་ཟླ་འོད་ཀྱི་གསེབ་ཏུ་ལུས་པའི། 
འཆི་བའི་ལྡེ་མིག་ལྗང་ཁུ་དེ་བླངས་ཤིང་། 
ང་ཡི་བྲང་གཞུང་གི་སྤང་རྒོད་ལ།
རྣོ་གྲི་ཕྲ་མོས་ཕྲ་ཀོང་འགའ་ཡི་འཚོ་གནས་ཀྱི་གཞིས་ཀ་བསྐྲུན་ཏེ།
ང་ལ་གསོན་པའི་གནས་ལུགས་བརྒྱ་སྟོང་བཤད།
ང་ཡང་དེ་ལ་ཞེན་པ་ཨེན་ཙམ་སྐྱེས་པས།
ཁྱོད་ཀྱི་ཕྱོགས་སུ་ལྟ་ཙམ་བྱས།

དུས་ཚོད་ཀྱི་སྔ་མ་རིང་བོ།
དུག་སྦྲུལ་བཞིན་དུ་ལུས་ལ་འཁྱུད་ཅིང་།
མཚོ་གཏིང་གི་གཡུ་དང་བྱུ་རུ།
ང་ཡི་བྲང་གི་ཕྲ་ལ་བཏབ།
བདེ་སྐྱིད་ཅེས་པའི་བེམ་པོ་ནག་པོ་དེ།
གཡའ་དང་སྤང་གི་མཚམས་ནས་དུར་ལ་བཅུག

ཁྱོད་ཀྱི་རྔོག་ཆུང་འབར་བའི་དུས་ཚིགས་རེ་རེ་དང་།
མཁུར་མགོའི་མིག་ཆུའི་རྡོག་པ་རེ་ཡིས།
ཁྱོད་རང་ད་དུང་གསོན་འདུག་ཅེས།
སེམས་ཁྲལ་གྱི་འབོད་པ་མང་པོ་གནང་ཡང་།
འཆི་བའི་ལྡེ་མིག་ནར་ནར་དེས།
མུན་པའི་ཟོལ་གྱིས་དེད་ནས་ཡོང་།

              ༢༠༡༦ལོའི་ཟླ་༧པའི་ཚེས་༢༧དགོང་མོར།


                                                                                           རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།