ཤོག་བུའི་རྔ་མ།

ཙག་རླུང་གིས་ཉི་འོད་ཕྱིད་དུ་བཅུག་པའི་དགུན་ཟླ་འདིར།
ཚེ་སྲོག་སྔར་ནས་ཤོར་ཟིན་པའི་རྩྭ་རྐང་འགའ་ཡིས།
རང་ཉིད་ཀྱི་ཁ་དོག་རླུང་གིས་སྐྱ་བོར་བཏང་བ་མ་ཚོར་པར།
འཁྱག་རེངས་སུ་གྱུར་བའི་རྡོ་བ་དག་ལ་འཁང་ར་བྱེད།
དར་སོབ་ལྟ་བུའི་སྐད་ཆ་དེ་དག་ལག་ཆར་བཟུང་སྟེ།
དགུན་ཟླ་འདི་རྡུལ་འཚུབ་ཀྱི་ཕུང་བོ་ཞིག་ཏུ་བསྒྱུར།

ཕ་ཡུལ་གྱི་ནམ་ཟླ་སྔར་ལོ་ལྟར་སྡུག་པར་གྱུར་བ།     
ཕ་ཡུལ་གྱི་ཡུལ་མི་ཚོས་སྔ་མོ་ནས་རྟོགས་ཡོད་ནའང་།
རས་སེར་པོ་ཞིག་ཁ་ཐུམ་དུ་རྒྱབ་ནས་ཡུན་རིང་འགོར་རྐྱེན།
ཁོ་ཚོ་བྱང་ཆུབ་སེམས་དཔའ་མིན་ཡང་སེམས་དཔའ་སྒོམ་པར་དགའ།
ས་མཚམས་འདི་འདྲ་ཞིག་གི་ངོས་ནས་བལྟས་ཚེ།
ང་ཚོ་འགྲམ་ལྕག་བཞུ་མཁན་ང་ཚོ་ལས་མི་འདུག

གོམ་གང་ཕྱིར་ལ་ནུར་ནས་ལྟ་མཁན་གྱི་མིག་ཡས་མ་དེ་དག
མུན་པ་ཧ་ཅང་སྟུག་པའི་མཚན་མོ་དེར་གར་སོང་མ་ཤེས་ལ།
ཀུན་གྱིས་ལྡོག་ལམ་མཐོང་བའི་དུས་ཚིགས་སུ།
ཁོ་ཚོ་དབུགས་སྒང་བཞིན་གང་སར་འཕུར་གྱིན་འདུག
ཁོ་ཚོས་བཞག་པའི་སྒྱུ་མའི་རྐང་རྗེས་དག་ཏུ།
སྐྱོ་འཚེར་དང་སྡུག་ཡུས་ཀྱི་ལོ་མ་འཐོར་གྱིན་འདུག

རྡོ་ལམ་གྱིས་བཅད་པའི་གཙང་བོ་དེའི་ཕར་ངོགས་སུ།
འཚེར་ས་དང་སྐྱེས་རི་བོར་བའི་དུད་ཁྱིམ་མང་པོ་ཞིག
ཁོག་གི་རྒྱུ་མ་མ་གཏོགས་ཅི་ཡང་མེད་པར་ལུས་འདུག་ལ།
དེ་ནི་སྡིག་སྒྲིབ་ཀྱི་རྣམ་སྨིན་ཞིག་གཏན་ནས་མིན་པར།
འཚོ་བའི་མཛེས་སྡུག་གི་བང་རིམ་དེ་མ་རྟོགས་པས་ཡིན།
གང་ལྟར།ཉི་མར་ལྡེ་ནས་འདུག་མཁན་ཞིག་ཏུ་གྱུར་བ་དེས།
མང་པོ་ཞིག་ལ་ཉིན་མཚན་མེད་པར་ཕ་ཡུལ་དྲན་དུ་བཅུག་མོད།
ཕ་ཡུལ་སྔར་ནས་ལྕགས་རའི་བསྐོར་ཏེ་སྲུང་སྐྱོབ་བྱས་འདུག

བྱིས་པ་ཚོས་ལྭ་བ་བརྗེས་ཏེ་རྒྱང་ལ་བུད་སོང་།
རུས་པ་སོབ་སོབ་ཏུ་གྱུར་རྗེས་སུ་ད་གཟོད་ཕ་ཡུལ་ལ་འབྱོར།
དེ་དུས།  ཁོ་ཚོ་ནར་སོན་ཡོད་ཀྱང་དགུན་ལ་དངངས་ཤིང་སྐྲག
མ་ཟད་ཙག་རླུང་དང་ཁ་བ་ལའང་སྙིང་ནས་སྡང་།
དེ་བས། ངས་ཅི་ཙམ་རེ་སྒུག་བྱས་ནའང་།
དགུན་ཟླ་འདིར་ཕ་ཡུལ་ལ་ཁ་བ་བབས་མ་བྱུང་།

སྤྲིན་པ་ནག་པོས་གནམ་ཕྱེད་བསྒྲིབས་པའི་དུས་སུ།
ང་ཚོས་ས་སྲོད་ལྟ་བུའི་དུས་ཚོད་ཅིག་སྲུང་ནས།
གདེང་ཚོད་མེད་པའི་རབ་རིབ་ཀྱི་དྲན་པ་དག་བསྒུལ་ན།
སང་ཉིན་ནི་ཆར་ཞོད་ཁྲོད་ཀྱི་ཤོག་བྱ་ཞིག་ཡིན་པ་མི་དྲན་ནམ།
སང་ཉིན་ནི་ཕྱེད་ཀ་ནུབ་པའི་གཡོར་གྲུ་ཞིག་ཡིན་པ་མི་ཚོར་རམ།

ཀླད་པ་གྲི་བཞི་ཅན་དག་གི་འཁྲུལ་སྣང་གི་རི་མོ་དང་།
རྐང་རྗེས་གོར་གོར་ཅན་དག་གི་སྒྱུ་འཕྲུལ་གྱི་ལྡེབས་རིས་དེས།
ང་ཚོའི་རྨི་ལམ་གྱི་གཤོག་པར་ཤུགས་ཅི་ཡང་རྒྱག་མི་ནུས་ལ།
ང་ཚོའི་གངས་དཀར་སེམས་ལྗོངས་ལ་ཚོན་རྩི་གང་ཡང་བྱུགས་མི་ཐུབ།
ཡིན་ནའང་།   ཁོ་ཚོ་དུས་རབས་འདིའི་རླུང་བུ་ཡིན་དགོས་ཚེ།
ཁོ་ཚོས་ནམ་ཡང་རང་ཉིད་གཡོ་བར་འཇུག་མི་ནུས་པས་ཡིན།

རྡོ་རྩིག་གི་སྒེའུ་ཁུང་དེ་ནས་ཉི་འོད་ཕྲན་ཙམ་འཚེར་ནའང་།
གླེག་བམ་མང་པོའི་ཁྲོད་ཀྱི་གཏམ་རྒྱུད་ཀྱི་གོ་རིམ་གྱིས།
རང་ངོ་འཕྲོད་མི་འཕྲོད་ཀྱི་གདབ་གསིག་ཅི་འདྲ་བཏང་རུང་།
སེམས་ཀྱི་རྒྱལ་མཚམས་སུ་བཙུགས་པའི་དྲན་ཤིང་གི་རྡོ་རིང་གིས།
དེ་རིང་གི་རྔུལ་ཆུ་མཐའ་དག་ལ་འབྲེལ་བཤད་རྒྱག་མི་ནུས་ཀྱང་།
དེ་རིང་གི་མི་རྣམས་ཀྱི་བར་སྣང་རང་ལ་དབང་དུ་འཇུག་ཐུབ།

ཡབ་ཆེན་གྱི་རྩྭ་ཐང་ལ་མེེ་ཤོར་ཞིང་།
ཡུམ་ཆེན་གྱི་གཙང་བོ་ཚ་བས་བསྐམས་ཉིན་ནས་བཟུང་།
རྔོག་པ་གྱེན་ལ་གཟེང་བའི་རྟ་ཁྱུ་རྡུལ་ལ་འདྲེས་སོང་ལ།
རྭ་རྩེ་རྣོ་བའི་གངས་འདབས་ཀྱི་འབྲོང་ཁྱུ་དེའང་།
རི་བོ་ཉི་ཟླའི་སྲིབ་ཀྱི་ཁ་བ་ལ་ཐིམ་སོང་།

ངས་རང་སེམས་ཀྱི་ཅ་ལག་ཐམས་ཅད་སྡུད་གསོག་རྒྱབ་ནས།
ངས་རུས་གསེང་གི་རྐང་ཁྲག་ཡོད་ཚད་བསྐྱར་དུ་བཀར་ནས།
ཆེས་དྭངས་གཙང་དང་སྨོན་འདུན་གྱི་ཐ་སྙད་ཅིག་གི་སླད་དུ།
ནམ་ཡང་།   གཏན་ཚུགས་ཀྱི་ར་སྐོར་དེ་གཏོར་བསམ་ཡང་།
ལོ་ངོ་སྟོང་ཕྲག་གི་མུན་པའི་བཙན་རྫོང་དེ་ཡིས།
དྲན་ཚུལ་གྱི་སྐར་མདའ་དེ་ནི་སྟོང་བསམ་ཁོ་ན་ཞིག་རེད།

ས་ཆེན་གྱིས་ང་ཡི་སྐྲ་ལོ་དུམ་སེར་བཅད་དེ།
སུ་ལའང་གསལ་བའི་དུར་ས་དེ་མཐོང་དུ་བཅུག་ཅིང་།
བསླུ་བྲིད་ཀྱི་ཡོལ་བ་དེ་ཕྱེ་དུས། ཁྱོད་ཀྱི་མིག་ལམ་དུ།
ཉི་མའི་དར་ཆ་འཕྱར་བའི་མི་དག་རྦབ་ཆུ་བཞིན་འཕྱོ་བས།
ད་དུང་ངར་ཤུགས་ཀྱི་འཕར་རྩ་འཇགས་མི་སྲིད་རྟོགས་ཡོང་།
དེ་བས།   ང་ཚོ་རྦབ་རྡོ་བཞིན་འགྲིལ་ག་ལ་ཉན།

རྣམ་པ་རང་ལུགས་ཀྱི་འགྱིག་མི་དག་གིས།
མྱི་ཆེན་གྱི་སྣ་ཚར་བཏགས་ཏེ་རང་ཉིད་མེ་རུ་སྦར་གྱིན་འདུག
ནད་པ་མིན་པའི་ནད་ཁྲིའི་སྟེང་གི་མི་དེ་དག་ནི།
རུལ་སུངས་ཀྱི་རྩྭ་སྐྱ་མེ་ལ་རྒྱག་མཁན་མིན་པ་ཤེས་གསལ་རེད།
གང་ལྟར།   མགོ་འབག་གྱོན་མཁན་དག་གི་རྒྱབ་ཕྱོགས་སུ།
རིན་ཐང་མེད་པའི་ཚིག་གི་སྙིག་རོ་ག་ཙམ་སྤུང་ཡོད་དམ།

ཁ་དབུགས་གསར་བ་ཞིག་གི་དྲོད་ཁོལ་ལ་སྨོན་ནས།
གདུག་རྩུབ་ཀྱི་ཙག་རླུང་གིས་མགོ་བོ་བརྡུངས་ནའང་།
ཁ་གཏད་ཀྱི་མུན་པའི་གཅོང་རོང་དེ་བརྒལ་བར།
ཚེ་སྲོག་དཔང་ལ་བཞག་སྟེ་གཏན་དུ་གྱེས་བར་བརྩམས།
དེ་དུས།   གངས་རི་དང་རྩྭ་ཐང་གི་མཛེས་སྡུག་གིས།
ངས་ཕྱིར་མིག་གིས་ས་སྲོད་ལ་འོད་སྣང་སྩོལ་ངེས།

ཉིན་ཁ་ཞིག་གི་ཉིན་སྲིབ་ལ་བྱ་གླག་འཁོར་དུས།
ཁྱེད་ཀྱིས་གཟབ་ནན་གྱིས་ཐེངས་ཅི་ཙམ་བསམ་གཞིག་བཏང་མྱོང་།
སྨུག་ལོང་ནང་གི་ཡུ་མོ་ཡུལ་བོར་དག་དྲན་ན།
ཁྱེད་ཀྱི་སྙིང་ལ་ཙག་ཤེད་ཅིག་མི་རྒྱུག་གམ།
སྙིང་རྩིད་མེ་ལ་ཚིག་ཟིན་པའི་མི་ཕོ་ལགས།
ང་ནི་ངར་ལྕགས་ཀྱིས་བཟོས་པའི་ལྷ་ཞིག་ཏུ་སྤྲུལ་ནས།
འཐོམ་སྦྲིད་དུ་གྱུར་བའི་ཡུལ་མི་རྣམས་ལ་བྱིན་རླབས་གནང་འདོད།
ཡིན་ནའང་།    ཁྱོད་རང་སྔར་བཞིན་ལྷོད་ལ་འབབ་ཐུབ་པ་འདི་མཚར་ཨང་།

རྒྱ་མཚོར་ཚྭ་ལྟར་འཐིམ་བཞིན་པའི་ང་ཚོ་ནི།
དུས་རབས་འདིའི་ཆེས་མཐའ་མཇུག་གི་སྐྱེལ་མ་མིན་ནའང་།
ཁ་བ་མ་བབས་པའི་སྔ་གཞུག་ཏུ། རྩ་དོན་གྱི་ཕྱི་ཤུན་མ་ཕྱེས་པར།
ཕ་ཡུལ་གྱི་ནམ་མཁའི་ཁ་དོག་གི་བཀྲག་མདངས་ཀྱིས།
ང་ཚོས་རང་ཉིད་ལ་གཤག་བཅོས་བྱ་དགོས་ཨང་།

ཚེ་སྲོག      དོན་སྙིང་།   ཟུངས་ཁྲག་སོགས་ནི།
སུས་ཀྱང་བླུ་ཐབས་མེད་པའི་རིན་དོད་དུ་ཕུལ་ནས།
ང་ཚོས་རང་ཉིད་ཀྱི་བར་སྣང་དང་ས་གཞི་ལ་བདག་པོ་རྒྱག་དགོས།
འདི་ནི་ནམ་ཡང་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་བདེན་པ་དང་།
འཁྱོག་ཏུ་མི་སྲིད་པའི་སྐད་ཆའི་ལང་ཚོ་ཡིན་པས།
ང་ཚོ་སླར་ཡང་ན་ཚོད་ལྟར་ནར་སོན་དགོས།
ནར་སོན་ཏེ་སླར་ཡང་གངས་འདབས་སུ་འཚོ་དགོས།
དེ་བས།   རྨི་ལམ་གྱི་གཤོག་པ་བརྐྱངས་ཏེ།
ང་ཚོ་རང་ཉིད་ཀྱི་ནམ་མཁར་ཤུགས་ཀྱིས་འཕུར།

                                                                               2016.1.26

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤོག་བུའི་རྔ་མ།

2016-09-05 གདོན་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།